མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།
ལས་གནས་བརྟན་གཏོང་དང་། ཤོང་ཚད་རྒྱ་སྐྱེད། སྤུས་ཚད་མཐོར་གཏོང་བྱ་སྤྱོད་ཀྱི་ཇུས་གཞི་བཀྲམ་པ།
ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཞུགས་སྐུལ་སྤེལ་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《ལས་གནས་བརྟན་གཏོང་དང་། ཤོང་ཚད་རྒྱ་སྐྱེད། སྤུས་ཚད་མཐོར་གཏོང་བཅས་བྱ་སྤྱོད་ཀྱི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་ཚད་དུ་བྱེད་པ་དང་། ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ཁྲིད་སྟོན་དུ་བྱེད་པ། མི་ཤུགས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་བྱེད་པ་བཅས་བྱས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་ཞུའི་འདེགས་སྐྱོར་ལེགས་སུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
《ཇུས་གཞིའི》ནང་བཏོན་དོན། བཟོ་སྐྲུན་ལས་རིགས་དང་། ཨར་སྐྲུན་ལས་རིགས། ཞག་སྡོད་བཟའ་བཏུང་ལས་རིགས་སོགས་ལས་རིགས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་གཞི་ཁྱོན་བརྟན་དུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་སྤྱོད་ལག་བསྟར་བྱས་ནས་ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་བྱེད་པ་དང་། ཁྱད་ལྡན་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པ། དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ལས་ཞུགས་བར་མཐོངས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། དེང་རབས་ཅན་གྱི་ཨར་སྐྲུན་ཐོན་ལས་འཁོར་འབྲེལ་སྐྱེད་སྲིད་བྱེད་པ་དང་། སྤུས་ཚད་མཐོ་པོས་གྲོང་ཁྱེར་གསར་སྒྱུར་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས“སྡོད་ཁང་ཡག་པོ”འཛུགས་སྐྲུན་བཅས་བྱས་ཏེ་ལས་ཞུགས་ཀྱི་གོ་སྐབས་སྔར་བས་མང་བ་སྐྲུན་དགོས། ཞག་སྡོད་ལས་རིགས་ཀྱི་ཁྱད་ལྡན་ཅན་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ་བརྗོད་དོན་གཙོ་བོའི་གསོལ་མགྲོན་ཁང་དང་། སྤྲོ་གསེང་གསོལ་མགྲོན་ཁང་། ཁྱད་ལྡན་དམངས་སྲོལ་གནས་ཚང་སོགས་སྣ་མང་ལས་རྣམ་མགྱོགས་མྱུར་བཏོད་དེ་ཁྱད་ལྡན་བཟའ་བཏུང་གི་སྤུས་རྟགས་སྐྱེད་སྲིང་བྱས་ནས་ངལ་རྩོལ་པའི་ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད་བྱེད་དགོས།
《ཇུས་གཞིའི》ནང་ནན་བཤད་བྱས་དོན། ཐབས་ལམ་ཁག་དང་ཁྱབ་ཁོངས་ཁག་གི་ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། འཛད་སྤྱོད་ཁྱབ་ཁོངས་ལ་དམིགས་ནས་ཀྲུང་གོའི་འཛད་སྤྱོད་ཐོན་རྫས་གྲགས་ཅན་གྱི་ཚོགས་པ་གཏོད་དེ་ཞབས་ཞུའི་ལས་རིགས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་དགོས། རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ཏེ་འགྲིམ་འགྲུལ་དང་ཆུ་བེད་སོགས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་འཚོ་རྟེན་ལས་སྤྲོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་དམིགས་ཏེ“མི་ཐབས་རིག་ནུས་+”བྱ་སྤྱོད་ལག་ལེན་བསྟར་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་གང་མགྱོགས་འདོན་ཐུབ་པ་བྱེད་དགོས། དམངས་འཚོའི་ཞབས་ཞུར་དམིགས་ཏེ་ཁྱིམ་ལས་དང་། རྒན་གསོ། བྱིས་གསོ་སོགས་འཚོ་བའི་ཞབས་ཞུའི་ལས་རིགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལུས་གསོ་དང་བུ་བཅོལ་ཁྱབ་ཁོངས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་ཏེ་ཁྱད་ལྡན་རྫོང་ཁོངས་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། ངལ་ནུས་སྤུས་རྟགས་སྟོབས་ཆེར་གཏོང་བ། རྒྱ་མཚོའི་དཔལ་འབྱོར་གྱི་ལས་ཞུགས་བར་མཐོངས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་དམིགས་ཏེ“ཚན་རྩལ་གྲུབ་འབྲས་དང་ལས་གཏོད་ཟུང་འབྲེལ”དང་། “ཐོན་ལས་འཕེལ་རྒྱས་དང་ལས་གཏོད་ཟུང་འབྲེལ” “ལས་རིགས་རྩལ་ནུས་དང་ལས་གཏོད་ཟུང་འབྲེལ” “དམངས་འཚོའི་དགོས་མཁོ་དང་ལས་གཏོད་ཟུང་འབྲེལ”བཅས་ཀྱི་རྣམ་པ་བཞི་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།