ཟླ་བ་བཞི་པར་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་6100ལྷག་ཙམ་ཟིན་པ།
ཟླ་བ་4པར་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་6119.9ཟིན་པ་དེ་དུས་མཚུངས་ལས་0.4%འཕར་བ་དང་། དེའི་ཁྲོད་རྒྱལ་སྤྱིའི་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་678.8ཟིན་པ་དེ་དུས་མཚུངས་ལས་5.8%འཕར་ཡོད། ད་ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་25912.8ཟིན་པ་དེ་དུས་མཚུངས་ལས་5%འཕར་ཡོད་པ་རེད།
དངོས་ཟོག་སྐྱེལ་འདྲེན་ཐད། ཟླ་བ་4པར་དམངས་སྤྱོད་མཁའ་འགྲུལ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་85.4ཟིན་པ་དེ་དུས་མཚུངས་ལས་6.9%འཕར་བ་དང་། དེའི་ཁྲོད་རྒྱལ་ནང་མཁའ་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་45.6ཟིན་པ་དེ་དུས་མཚུངས་ལས་2.1%འཕར་བ་དང་། རྒྱལ་སྤྱིའི་མཁའ་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་39.8ཟིན་པ་དེ་དུས་མཚུངས་ལས་12.9%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།