2025ལོར་རང་རྒྱལ་གྱི་ཕྱོགས་ཐོན་ལུས་རྩལ་འཛད་སྤྱོད་པ་མི་ཐེངས་དུང་ཕྱུར་8ལས་བརྒལ་བ།
ཉེ་ཆར་འཚོགས་པའི་ཀྲུང་གོ་རྒྱལ་སྤྱིའི་སྒར་སའི་ཚོགས་ཆེན་ལ《“མི་ཉུང་ཤས་ཀྱི་ལུས་རྩལ་མྱོང་རོལ་བྱེད་སྟངས”དེ“དམངས་ཀྱི་འཚོ་བ་སྐྱེལ་སྟངས”སུ་འཕེལ་རྒྱས་འགྲོ་བ-2025ལོའི་ཕྱོགས་ཐོན་ལུས་རྩལ་འཛད་སྤྱོད་འཕེལ་རྒྱས་དང་འཕེལ་ཕྱོགས་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། 《སྙན་ཞུ》དེ་པེ་ཅིང་ལུས་རྩལ་སློབ་ཆེན་ལུས་རྩལ་སྤྲོ་གསེང་དང་ཡུལ་སྐོར་སློབ་གླིང་དང་། ཀྲུང་གོ་ལུས་རྩལ་འཕེལ་རྒྱས་ཞིབ་འཇུག་ཁང་། དམངས་ཡོངས་ལུས་སྦྱོང་ཞིབ་འཇུག་ཁང་། མོས་འདེམས་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་ཁྱབ་བསྒྲགས་བྱས་པ་ཞིག་རེད། 《སྙན་ཞུ》ལས་མངོན་པར་གཞིགས་ན། 2025ལོར་རང་རྒྱལ་གྱི་ཕྱོགས་ཐོན་ལུས་རྩལ་འཛད་སྤྱོད་པ་མི་ཐེངས་དུང་ཕྱུར་8ལས་བརྒལ་བ་དང་། ཕྱོགས་ཐོན་ལུས་རྩལ་འཛད་སྤྱོད་ཀྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ནས་ལུས་རྩལ་སྒྲིག་ཆས་དང་། ལུས་རྩལ་གསོ་སྦྱོང་། འགྲན་བསྡུར་སྒྲིག་འཛུགས་སོགས་ཁྱབ་ཁོངས་བྱེ་བྲག་ཁྲོམ་རའི་བར་མཐོངས་ཆེ་རུ་ཟམ་མི་ཆད་པར་འགྲོ་བཞིན་ཡོད།
《སྙན་ཞུའི》ནང་མངོན་པར་གཞིགས་ན། སྲིད་ཇུས་སྐུལ་སྤེལ་དང་། འཛད་སྤྱོད་རིམ་སྤོར། འདུ་ཤེས་གསར་སྒྱུར་བཅས་ཀྱི་ནུས་པར་བརྟེན་ནས་ཕྱོགས་ཐོན་ལུས་རྩལ་དེ“མི་ཉུང་ཤས་ཀྱི་ལུས་རྩལ་མྱོང་རོལ་བྱེད་སྟངས”ནས“དམངས་ཀྱི་འཚོ་བ་སྐྱེལ་སྟངས”སུ་འཕེལ་རྒྱས་འགྲོ་བཞིན་ཡོད།
རྨང་གཞི་དེ་དག་གི་ཐོག་ཕྱོགས་ཐོན་འཛད་སྤྱོད་ཀྱི་དགོས་མཁོའང་འཚོ་བ་དང་། སྤྱི་ཚོགས་ཀྱི་འབྲེལ་བ། མཉམ་འདུས་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད། ཕྱོགས་ཐོན་ལུས་རྩལ་ཐོན་ལས་འབྲེལ་ཐག་མགྱོགས་མྱུར་སྣུར་སྲིང་ཐུབ་ནས་ཐོན་ལས་སྔ་མའི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་དང་། ཐོན་ལས་བར་མའི་ཞབས་ཞུ། ཐོན་ལས་ཕྱི་མའི་ཁག་བགོས་ཐབས་ལམ་དང་མཐའ་སྣེའི་འཛད་སྤྱོད་པ་བཅས་ལ་ཁྱབ་པའི་ཁོར་ཡུག་ཆ་ཚང་པོ་ཞིག་རིམ་བཞིན་ཆགས་བཞིན་ཡོད། ཕྱོགས་ཐོན་ལུས་རྩལ་འདི་ཉིད་རྣམ་གྲངས་རྐྱང་པའི་འཛད་སྤྱོད་ཞིག་མིན་པར་ཐོན་སྐྱེད་དང་། ཞབས་ཞུ། ཁྱབ་སྤེལ། ཉམས་ལེན་བཅས་ཀུན་འཛོམས་ཀྱི་འཛད་སྤྱོད་མ་ལག་ཅིག་ཏུ་འཕེལ་རྒྱས་འགྲོ་བཞིན་ཡོད།
《སྙན་ཞུའི》ནང་མངོན་པར་གཞིགས་ན། ཐོན་ལས་ཀྱི་རྨང་གཞི་བརྟན་དུ་ཟམ་མི་ཆད་པར་ཕྱིན་པ་དང་ཆབས་ཅིག ཕྱོགས་ཐོན་ལུས་རྩལ་འཕེལ་རྒྱས་ནས་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་། དགོས་མཁོ་ཞིབ་ཚགས་སུ་སོང་བ། ཐབས་ལམ་བསྐྱར་སྒྲིག་ཐུབ་པ་བཅས་ཀྱི་རྣམ་པ་མངོན་གྱི་ཡོད། ཕྱོགས་ཐོན་ལུས་རྩལ་འཛད་སྤྱོད་ཐད་གངས་འཁྱགས་དང་། རི་ཁུལ། སྐམ་ས། ཆུ་ཐོག མཁའ་འགྲུལ་སོགས་རིམ་པ་མང་བའི་འཁོར་རྒྱ་ཞིག་རིམ་བཞིན་གྲུབ་བཞིན་ཡོད་པ་དང་རྣམ་གྲངས་མི་འདྲ་བ་དེ་དག་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ལྗོངས་རྣམ་གྱི་ཁྱད་ཆོས། མི་ཚོགས་ཀྱི་དགའ་ཕྱོགས་བཅས་ལ་བརྟེན་ནས་ཧེ་བག་ལྡན་པའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།