ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོར་ཆད་གཅོད་བསླབ་འདོམས་བྱེད་པའི་བྱ་ཐབས་ཚད་ལྡན་དུ་གཏོང་རྩིས་ཡོད་པ།
ཉིན་ཤས་གོང་། ཀྲུང་གོ་མི་དམངས་དངུལ་ཁང་གིས《ཀྲུང་གོ་མི་དམངས་དངུལ་ཁང་དོ་དམ་ཁྱབ་ཁོངས་ཀྱི་ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོའི་མིང་ཐོའི་དོ་དམ་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་ཏེ། ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོའི་མིང་ཐོར་འཇུག་པའི་ཆ་རྐྱེན་གཏན་འབེབས་ནན་པོ་བྱས་ནས་ཡིད་རྟོན་ཤོར་བའི་བྱེད་སྤྱོད་ལ་ཚོད་འཛིན་དང་ཆད་གཅོད་བསླབ་འདོམས་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་འབྲེལ་ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོས་རང་འགུལ་ངང་ཡིད་རྟོན་ཤོར་བའི་བྱེད་སྤྱོད་ཡོ་བསྲང་དང་ཡིད་རྟོན་སླར་གསོ་བྱེད་པར་ལྕག་སྐུལ་བྱས་ཡོད་པ་རེད།
དོ་དམ་བྱེད་ཐབས་སུ། ཀྲུང་གོ་མི་དམངས་དངུལ་ཁང་གིས་དོ་དམ་བྱེད་པའི་འཛིན་ཤོག་དང་། གཏོང་སྤྲོད། མི་དམངས་ཤོག་སྒོར་གྱི་འཁོར་རྒྱུག ཡིད་རྟོན་ཉམས་ཞིབ་སོགས་ཀྱི་ཁྱབ་ཁོངས་ནང་སྒྲིག་གཞི་དང་མི་སྒེར་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་གྱི་བཀའ་རྒྱ་གསལ་པོ་བཏང་བ་དང་། དངུལ་རྩའི་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་བཅས་ཀྱི་བྱེད་སྤྱོད་ཐོན་པ་མ་ཟད། ཉེས་ཚབས་ཧ་ཅང་ཆེ་བ་དང་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཚེ། ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོའི་མིང་ཐོའི་ཁོངས་སུ་འཇུག་དགོས་ཞེས་བཏོན་ཡོད།
དོ་དམ་བྱེད་ཐབས་སུ། ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོའི་མིང་ཐོར་བཅུག་པའི་སྒྲིག་གཞིའམ་མི་སྒེར་ལ་གཙོ་གནད་ཀྱི་དོ་དམ་བྱ་ཡུལ་དུ་འཇུག་པ་དང་ཁྲིམས་སྒྱུར་གྱི་ཞིབ་བཤེར་ཐེངས་གྲངས་མང་དུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་ལ་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་དང་མིང་ཐོའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས། སྲིད་འཛིན་ཆོག་འཐུས་དང་། འོས་ཐོབ། ཐོབ་ཐང་། སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་འགན་འཁུར་མངགས་བཅོལ། ལས་གྲྭའི་འོས་སྐུལ་འོས་དཔོད་བཅས་ལ་ཞིབ་བཤེར་བྱེད་སྐབས་བསམ་གཞིག་བྱ་ཡུལ་གལ་ཆེན་དུ་བརྩི་བ་སོགས་ཀྱི་དོ་དམ་བྱེད་ཐབས་སྤྱད་ན་འགྲིག་པའི་བླང་བྱ་བཏོན་ཡོད།
དོ་དམ་བྱེད་ཐབས་ལ་གཞིགས་ན། ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོའི་མིང་ཐོར་དོ་དམ་བྱེད་པའི་དུས་ཚད་ལོ་3ཡིན་པ་དང་། དོ་དམ་གྱི་དུས་ཚད་ཐིམ་རྗེས་དེ་ནས་འདོན་གྱི་ཡོད། ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོའི་མིང་ཐོའི་ནང་བཅུག་ནས་ཟླ་12སོང་རྗེས། ཡིད་རྟོན་ཤོར་བའི་བྱེད་པོས་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་སམ་ཡང་ན་ཁྲིམས་འཛིན་གྱི་དཔྱད་གཅོད་དུ་གཏན་འབེབས་བྱས་པའི་འོས་འགན་སྒྲུབ་པ་དང་། གནོད་འཚེའི་མཇུག་འབྲས་དང་ཤུགས་རྐྱེན་ངན་པ་ཆེ་རུ་འགྲོ་བར་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་པ། སླར་ཡང་ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་སྤྱོད་ཐོན་མེད་རིགས་ཀྱིས་ཡིད་རྟོན་ཤོར་བའི་བྱེད་པོའི་མིང་ཐོ་ནས་འདོན་པའི་རེ་འདུན་ཞུས་ན་ཆོག་གི་ཡོད།
འབྲེལ་ཡོད་གསར་འགྱུར།