དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • 2026ལོའི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་ཧྲེན་ཀྲེན་དུ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-23


    འདི་ནི་ཟླ་5ཚེས་21ཉིན་པར་ལེན་བྱས་པའི་2026ལོའི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་འཚོག་ཡུལ་ཡིན་པ།

    ཟླ་5ཚེས་21ཉིན་2026ལོའི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་ཀོང་ཏུང་གི་ཧྲེན་ཀྲེན་དུ་འགོ་ཚུགས་ཤིང་། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ཤེས་རིག་འཕེལ་རྒྱུན་རྒྱུན་འཛིན་དང་རིག་གནས་གསར་གཏོད་གསར་སྐྲུན”ཞེས་པ་དེ་ཡིན་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་ཚན་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཏང་ཨུད་དྲིལ་བསྒྲགས་པུའུ། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཁག རིག་གནས་ཁེ་ལས་བྱ་གཞག་ཚན་པ་ཁག་གཅིག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་རིག་མཛོད་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་གླེང་སྟེགས་སུ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།