ཀོང་ཏུང་ཆིང་ཧྭ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་གཙོ་བོ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ།

འདི་ནི་ཟླ་5ཚེས་20ཉིན་པར་བརྒྱབ་པའི་པེ་ཅང་ཟམ་ཆེན་ཡིན་པ།
ཟླ་5ཚེས་20ཉིན། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་དང་ཀྲུང་གོ་འགྲིམ་འགྲུལ་ལམ་སྐྲུན་ཀུང་སིས་སྐྲུན་འགན་ཁུར་བའི་ཀོང་ཏུང་ཆིང་ཧྭ་མྱུར་བགྲོད་གཞུང་ལམ་གྱི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། པེ་ཅང་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་ཟམ་སྣེ་བདེ་བླག་ངང་སྦྲེལ་མཐུད་ཐུབ་པ་དང་བསྟུན་ནས་ཆིང་ཧྭ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་གཙོ་བོ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་སྟེ། ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བཏིང་ཡོད། ཆིང་ཧྭ་མྱུར་བགྲོད་གཞུང་ལམ་པེ་ཅང་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་རིང་ཚད་ལ་སྨི་1440ཡོད་པ་དང་། ཀོང་ཏུང་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཞིག་ཡིན་པའི་ཆིང་ཧྭ་མྱུར་བགྲོད་གཞུང་ལམ་ནི་ཆིང་ཡོན་གྲོང་ཁྱེར་ཆིང་ཤིན་ཆུས་ཐའེ་ཧོ་གྲོང་རྡལ་ནས་ཀོང་ཀྲོའུ་གྲོང་ཁྱེར་ཧྭ་ཏུའུ་ཆུས་ཐན་པུའུ་གྲོང་རྡལ་བར་ཡིན་ཞིང་། རིང་ཚད་ལ་སྤྱི་ལེ་54ཙམ་ཡོད། བསྐྲུན་ཟིན་རྗེས་ཀོང་ཀྲོའུ་དང་ཆིང་ཡོན་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་གནད་འགག་ཆེན་པོ་གཞན་ཞིག་ཏུ་འགྱུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།