དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི་ཡིས་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

    ​ལི་ཆང་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  ​ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-05-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་རི་ཆུ་འབྲེལ་བ་དང་ལས་དབང་གཅིག་མཐུན་གྱི་གྲོགས་པོ་བློས་ཐུབ་དང་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་75སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་གྲོགས་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པོ་ཡོད། རྒྱལ་ཁབ་གཉིས་པོས་དུས་ཡུན་རིང་པོའི་ནང་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། ཆུ་ཚད་མཐོ་བའི་དངོས་སྒྲུབ་མཉམ་ལས། ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་ལས། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་རོགས་ལས་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཀྲ་ཨེར་ཏ་ལི་དང་ལྷན་དུ་འབད་བརྩོན་གྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བ་གོ་སྐབས་སུ་བཟུང་སྟེ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱེད་པ། ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་འཛུགས་པ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཡག་པོ་སྐྲུན་པ་བཅས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད།

    ཀྲ་ཨེར་ཏ་ལི་ཡིས་གསུངས་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཡུན་རིང་བརྟན་པོ་བྱུང་ནས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཀ་རྟེན་བརྟན་པོ་ཞིག་ལ་གྱུར་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དོན་སྙིང་གཏིང་ཟབ་ལྡན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ངང་གཞོལ་གནང་བའི་ཕ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་དེ་བས་དམ་ཟབ་ཀྱི་ཕ་ཁི་སི་ཐན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་གྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཕ་ཁི་སི་ཐན་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་སྔར་བས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་ཀྱི་ཡིན།

    དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི“སྤུས་རིམ་གསར་པ་2.0”ཧུར་ཐག་གཏོད་དེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཞ་པ་ཙི་ཡིས་གསུངས་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བའི་ཐད་ཕན་ཚུན་ཡིད་ཆེས་དང་། བདག་དབང་འདྲ་མཉམ། ཞི་བདེ་འཕེལ་རྒྱས་ཐུན་མོང་ཐོག་དོན་གཉེར་བཅས་རྨང་གཞིར་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་སྐྲུན་པར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་གཏོད་པར་བློ་བརྟན་འགྱུར་མེད་ངང་གཞོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།