ཀྲེ་ཅང་ཞིང་ཆེན་གྱི“རྒྱལ་སྤྱིའི་གཏོད་མཁན”གྱི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་བདུན་པ་འགོ་ཚུགས་པ།

ཟླ་5ཚེས་20ཉིན“དར་གོས་ལམ་བུར་ཕུགས་འདུན་སྐྲུན། གླིང་ལྔ་མཉམ་དུ་གསར་གཏོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲེ་ཅང་ཞིང་ཆེན་གྱི“རྒྱལ་སྤྱིའི་གཏོད་མཁན”གྱི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་བདུན་པ་དང་དབྱི་ཝུའུ་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་གི་རྒྱལ་སྤྱིའི་རིག་གནས་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་སྐབས་བཅུ་པ་སྤེལ་འགོ་ཚུགས་པ་རེད། འདི་ནི་ཟླ་5ཚེས་20ཉིན་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་གི་རྒྱལ་སྤྱིའི་རིག་གནས་དགའ་ནེའུ་དུས་ཆེན་གྱི་གླིང་ཁའི་སྤྲོ་ཚོགས་ཀྲུའུ་ཏན་ཤིས་ཀྲུང་ལུགས་གསོ་རིག་རིག་གནས་ཉམས་ལེན་ཁུལ་དུ་ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣས་གསེར་ཁབ་དང་། འཕུར་མཉེད། མེ་ཕོར། སྤྲ་མེ་སོགས་ཀྱི་ལག་རྩལ་ཉམས་སུ་མྱོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།