དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྱི་གླེང་སྟེགས་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-22

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྱི་གླེང་སྟེགས་སྐབས་དང་པོ་ཞན་དབྱང་དུ་གཉེར་ཞིང་། སྐབས་འདིའི་གླེང་སྟེགས་ཀྱིས“ང་ཚོས་མཉམ་དུ‘ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས’”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། དཔེ་མཚོན་གྱི་ཉམས་མྱོང་སྤེལ་རེས་དང་མི་སྣ་གསོ་སྐྱོང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས། བོད་དང་མི་རིགས་སློབ་ཆེན་གྱི་ཁྱད་ཆོས་ལྡན་པའི་ཞིབ་འཇུག་སློབ་མའི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་མི་རིགས་སློབ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་སློབ་གསོའི་མནའ་འབྲེལ་ནང་བདེ་བླག་ཞུགས་པ་དང་། དེ་ལས་སློབ་གྲྭའི་ཞིབ་འཇུག་སློབ་མའི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་རྒྱལ་ཡོངས་ཀྱི“བསམ་ཇུས་གཅིག”གི་འཕེལ་རྒྱས་རྣམ་པ་དང་མཉམ་འདྲེས་བྱུང་ནས། མཉམ་སྒྲུབ་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས། མཉམ་དུ་འཕེལ་རྒྱས་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།