ཆབ་མདོའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས།
འགྲིམ་འགྲུལ་ཁྲིམས་འགལ་ལ་རྡུང་རྡེག་གནད་སྨིན་བཏང་བ།
སྲོལ་རྒྱུན་གྱི་ས་གནས་ས་ཐོག་མིན་པའི་ཁྲིམས་སྒྱུར་གྱི“ཟིལ་ཤུགས་མི་འདང་བ་དང་དག་ཐེར་རྗེས་ལུས་ཡིན་པའི”དཀའ་གནད་སེལ་ཆེད། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས“དྲ་ཐོག་གློག་རྡུལ་པར་ལེན་དང་དྲ་ཕྱིའི་གནད་སྨིན་བཀག་འགོག་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་གྱི་ཁྲིམས་སྒྱུར་བྱེད་སྟངས་གསར་གཏོད་ཁྱབ་གདལ་བཏང་བས། འགྲིམ་འགྲུལ་ཁྲིམས་འགལ་ལ་རྡུང་རྡེག་གནད་སྨིན་དང་ས་ཁོངས་ཧྲིལ་པོར་དོ་དམ་ཚོད་འཛིན་ཐུབ་ཡོད། ཟླ་བ་4པའི་ཟླ་དཀྱིལ་བར་ས་གནས་ས་ཐོག་མིན་པ་ས་གནས་ས་ཐོག་ཏུ་བསྒྱུར་བའི་ཁྲིམས་འགལ་གྱོད་གཞི་409ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་དང་མི་སྣ་ཤི་རྨས་བྱུང་ཚད་དུས་མཚུངས་ལས་ཆག་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་མཐུད་འཕར་ཡོད་པ་རེད།
ཉིང་ལག་རུ་ཁག་དེས་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ནས“ཞིབ་འཇུག་བརྡར་གཅོད་དང་། བཀའ་བཀོད། ཐག་གཅོད། ཚུར་ལན”བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་འགན་འཁྲི་ཁ་གསལ་བཟོས་པ་དང་། བཀོད་འདོམས་ལྟེ་གནས་ཀྱིས་ཆུ་ཚོད་24རིང་ལས་རེས་བྱས་པ། ལམ་ངོས་རུ་ཆེན་གྱིས་མགྱོགས་མྱུར་དང་ལེན་བཅས་བྱས་པས་གདུབ་ཟུམ་གྱི་ལམ་སྲོལ་ཞིག་ཆགས་ཡོད། “ལས་འཛོལ་ཐོན་ཉེན་ཆེ་སར་གནས་གཏན་འཁེལ་དང་། ལས་འཛོལ་ཐོན་ཉེན་ཆུང་སར་སྐོར་ཞིབ། སྔོན་ཚུད་ནས་ཉེན་བརྡ་བཏང་སྟེ་འཕྲལ་དུ་བྱ་སྤྱོད་སྤེལ་བ”བཅས་ཀྱི་ཞབས་འདེགས་ཞུ་སྟངས་ཁྱབ་གདལ་བཏང་ནས། ས་ཁོངས་སྒྲོལ་བའི་རོཌ་སྐྱོར་དང་གནས་བརྒལ་ནས་མཉམ་དུ་མཐའ་སྐོར་བའི་ལམ་སྲོལ་བཙུགས་པས་བཀག་འགོག་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། འགྲིམ་འགྲུལ་དང་འཕྲལ་སྡོམ་སོགས་སྡེ་ཚན་མཉམ་འབྲེལ་གྱིས“འགྲུལ་འཁོར་གཉིས་དང་། ཉེན་འཁོར་གཅིག ལྗིད་ཚད་ལས་བརྒལ་ནས་བླུགས་པའི་རླངས་འཁོར་གཅིག”བཅས་ལ་ཁ་ཕྱོགས་གཏན་འཁེལ་གྱི་དོ་དམ་ཚོད་འཛིན་བྱས་ཡོད།
གཞན་ཡང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་གཏན་གྱི་ཕུགས་ཕན་འགན་ལེན་བྱས་ཤིང་། ཁྲིམས་སྒྱུར་གསོ་སྦྱོང་དང་གྱོད་དཔེ་བསྐྱར་ཟློས་རྒྱུན་རྣམ་ཅན་དུ་བྱེད་པ་དང་། ལས་སྒྲུབ་བཀོད་སྒྲིག་དང་དོ་དམ་ཚོད་འཛིན་གྱི་གཙོ་གནད་འགུལ་རྣམ་ཅན་གྱི་སྒོ་ནས་ལེགས་སུ་བཏང་སྟེ་བཅོས་སྒྲིག་གི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།