ལྷོ་ཁའི་འགྲིམ་འགྲུལ་ཉེན་རྟོག་པས།
སྐྱེད་ཚལ་སྔོ་འགྱུར་གྱི་ལས་དོན་མི་སྣར“བདེ་འཇགས་འགོག་སྲུང་སློབ་ཚན”ཁྲིད་པ།
སྐྱེད་ཚལ་སྔོ་འགྱུར་ལས་རིགས་ཀྱི་ལས་ཞུགས་མི་སྣའི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ལྷོ་ཁ་གྲོང་ཁྱེར་སུའུ་དབྱང་སྐྱེད་ཚལ་སྔོ་འགྱུར་མཛེས་ལྗོངས་ལས་གྲྭ་ཚད་ཡོད་ཀུང་སིར་བསྐྱོད་དེ“ཤེས་དཔལ་ལྡན་པའི་འགྲིམ་འགྲུལ། འགྲོ་ལམ་འགྲིམ་འགྲུལ་ཤར་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། དམིགས་སའི་རང་བཞིན་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་མ་ཟད། སྐྱེད་ཚལ་སྔོ་འགྱུར་གྱི་ལས་དོན་མི་སྣར“བདེ་འཇགས་འགོག་སྲུང་སློབ་ཚན”ཁྲིད་པ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་སྐྱེད་ཚལ་སྔོ་འགྱུར་ལས་རིགས་ཀྱི་ལས་ཀའི་ཁྱད་ཆོས་དང་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། རྒྱུན་གཏན་ལས་ཀ་བྱེད་སྐབས་ཀྱི་བདེ་འཇགས་ཉེན་ཁ་ཆེ་སར་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། གཞན་ཡང་། མི་དམངས་ཉེན་རྟོག་པས་ད་དུང་ཁེ་ལས་ཀྱི་ལས་དོན་མི་སྣར་འགྲིམ་འགྲུལ་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པ་ནི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བའི་མཚོན་ཚུལ་གལ་ཆེན་ཞིག་རེད་ཅེས་འགྲེལ་བཤད་བརྒྱབ་པ་དང་། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ནང་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་ནས“ཉེན་རྟོག་དང་ཁེ་ལས་མཉམ་འགུལ་དང་ཐུན་མོང་ཐོག་བདེ་འཇགས་སྲུང་སྐྱོང་བྱེད་པའི”རྣམ་པ་ཡག་པོ་ཆགས་པར་སྐུལ་ལྕག་བྱས་པ་རེད། མི་དམངས་ཉེན་རྟོག་པས་ཕན་ཚུན་དྲི་བ་འདོན་པ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལས་དོན་མི་སྣས་བཏོན་པའི་རྒྱུན་གཏན་ལས་ཀ་བྱེད་སྐབས་འཕྲད་པའི་འགྲིམ་འགྲུལ་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བཏབ་སྟེ་དྲིལ་བསྒྲགས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་བཏང་བ་རེད། བྱེད་སྒོ་དེ་སྐྱེད་ཚལ་སྔོ་འགྱུར་ལས་རིགས་ཀྱི་ལས་ཀའི་དགོས་མཁོ་དང་གནད་སྨིན་ཟུང་འབྲེལ་བྱས་ནས། ལས་རིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཞན་ཆ་ནུས་ལྡན་བསལ་བ་མ་ཟད། སྐྱེད་ཚལ་སྔོ་འགྱུར་ཀུང་སིའི་ལས་དོན་མི་སྣའི་བདེ་འཇགས་འགོག་སྲུང་འདུ་ཤེས་ཟབ་ཏུ་དང་ཚད་ལྡན་གྱི་ལས་སྒྲུབ་ནུས་པ་ཆེ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།