དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས།

    ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-22

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གཡུལ་ས་འཛུགས་སྐྱོང་བྱ་རྒྱུ་དེ་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། གཞི་རིམ་བཅོས་སྐྱོང་བཅས་ཀྱི་ལྟེ་བའི་དམ་འཛིན་བྱེད་སར་བརྩིས་ནས། ཉིང་ཁྲི་གྲོང་ཁྱེར་གྱི་ཁྲིམས་སྐྱོང་སློབ་གསོའི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། སྨན་གླིང་གྲོང་ཁྱེར་ཟ་ཡུལ་གྲོང་གསེབ་ཀྱི་ཁྲིམས་སྐྱོང་རིག་གནས་ཐང་ཆེན། མེ་ཏོག་རྫོང་གི“སྐེ་དར་དམར་པོའི་ཁྲིམས་ལུགས་སློབ་གླིང” ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་བསམ་བློའི་སྤྱིལ་ཁང་སོགས་ཁྱབ་ཁོངས་ཡོངས་ལ་ཁྱབ་པའི་ཁྱད་ལྡན་ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་སའི་ཚོགས་པ་ཞིབ་ཚགས་བཏོད་དེ། གྲོང་གསེབ་དར་རྒྱས་ཆེད་ཁྲིམས་སྐྱོང་གི་སྲུང་བཅད་བརྟན་པོ་བསྐྲུན་ཡོད།

    བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཐད། ཉིང་ཁྲི་གྲོང་ཁྱེར་གྱིས་བཅའ་ཁྲིམས་ཁྱབ་གདལ་དང་མི་གསོ་སྐྱོང་ཟུང་འབྲེལ་དང་། རིག་གནས་དང་ལག་ལེན་གལ་ཆེ་མཉམ་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། ཁ་བསླུས་ལ་ངོ་རྒོལ་དང་མགོ་སྐོར་སྔོན་འགོག ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་། མཐའ་མཚམས་བཅོས་སྐྱོང་སོགས་གཙོ་གནད་ནང་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྐད་རིགས་གཉིས་ཀྱི་ལམ་ནས་དྲིལ་བསྒྲཌ་དང་། མི་རིགས་གླུ་གར་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ། ཡུལ་རྣམ་དངོས་ཀྱི་དཔེ་མཚོན་འགྲེལ་བཤད་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་བར་ཐག་མེད་པའི་ཁྲིམས་སྐྱོང་སློབ་གསོ་སྤེལ་ཏེ། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་བཏང་བས། དམངས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་རྒྱུན་མཐུད་མཐོ་རུ་སོང་ཡོད།

    དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་གཡུལ་ས་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་བཏང་ནས། འགལ་བ་དང་རྩོད་གཞི་སེལ་བ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ། དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ་འཛུགས་གཏོད། མཐའ་མཚམས་ཁྲིམས་ལྟར་བཅོས་སྐྱོང་བཅས་དང་འབྲེལ་མཐུད་དམ་ཚགས་བྱས་ཏེ་ཁྲིམས་སྐྱོང་གཡུལ་ས་དེ་སྲིད་ཇུས་དྲིལ་བསྒྲགས་སྐར་ཁུང་དང་། བཅའ་ཁྲིམས་ཞབས་ཞུའི་ས་ཚིགས། འགལ་བ་འདུམ་འགྲིག་ལས་སྟེགས། ཁྲིམས་སྐྱོང་ལག་ལེན་སློབ་ཁང་བཅས་སུ་འགྱུར་བ་བྱས་ནས། གཞི་རིམ་དུ་བཅའ་ཁྲིམས་ཞབས་ཞུ་དང་དུད་ཚང་ལ་བཅའ་ཁྲིམས་ཁྱབ་གདལ་གནད་སྨིན་གཏོང་བ་བརྒྱུད་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སྐུལ་སྤེལ་ནུས་ལྡན་བྱས་ཏེ། མཐའ་མཚམས་བརྟན་ལྷིང་དང་གྲོང་གསེབ་དར་རྒྱས་ཡོང་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།