དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོན་ཤིང་འདེབས་འཛུཌ་བདག་སྐྱོང་བྱས། མཛེས་པའི་ཁྱིམ་གཞིས་མཉམ་དུ་སྐྲུན།

    —— ལྷ་ས་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་བརྟེན་ནས་ལྷོ་རི་བྱང་རིའི་དཔྱིད་དུས་ཀྱི་ནགས་བཟོར་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-22

    ལྷ་ས་གྲོང་ཁྱེར་གྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁུལ་གྱི་བྱེ་རླུང་གི་གནོད་འཚེ་རྩ་བཅོས་བྱེད་པ་བཅས་ཀྱི་སྐྱེ་ཁམས་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ས་མཐོའི་སྐྱེ་ཁམས་སླར་གསོའི་ལྟེ་བའི་འགན་འཁྲིར་དམིགས་ཏེ། ལས་འགོ་ཚུགས་ཚུན་གཞི་ཁྱོན་ཅན་གྱི་སྒོ་ནས་ནགས་བཟོའི་འགག་སྒྲོལ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་བོད་ཀྱི་རི་བོ་སྔོ་འགྱུར་གྱི་ཚད་ཤིང་རྣམ་གྲངས་ཤིག་ཏུ་གྱུར་ཡོད། མིག་སྔའི་བར། ལས་གྲྭས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་91.98བྱས་ནས་དེ་སྔའི་སྐྱ་ཐིང་ཐིང་གི་རི་ཁ་རིམ་བཞིན་སྔོ་ལྗང་ཅན་དུ་གྱུར་པ་མ་ཟད། གྲོང་ཁྱེར་གྱི་སྐྱེ་ཁམས་སྲུང་བཅད་ཀྱང་རྒྱུན་མཐུད་ངང་བརྟན་དུ་ཕྱིན་ནས་སྐྱེ་ཁམས་ལེགས་གཏོང་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།

    དཔྱིད་དུས་སུ། ས་མཐོར་ནགས་བཟོའི་དུས་ཚིགས་ཡག་ཤོས་ཡིན་པས་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་ལྗོན་ཤིང་འཛུགས་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ལྗོངས་ཐད་གཏོགས་དང་གྲོང་ཁྱེར་ཐད་གཏོགས་ཀྱི་ཚན་པ་ཁག་གི་ཏང་ཡོན་ལས་བྱེད་པའི་འཐུས་མི་དག་དེ་གར་འཛོམས་ནས་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་སྔོ་ལྗང་ལ་ཁྲིད་སྟོན་བྱེད་པ་དང་། དངོས་སྒྲུབ་དང་འགན་འཁྲི་འཁུར་ཕོད་པར་བརྟེན་ནས་ས་མཐོའི་སྔོ་ལྗང་གི་རྨང་གཞི་བརྟན་དུ་གཏོང་བ། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་དཔྱིད་དུས་ཀྱི་ནགས་བཟོའི་འགག་སྒྲོལ་ལ་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་སྐྱེ་ཁམས་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུངས་ཡོད།

    ད་ཐེངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཡུལ་ནི་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོ་ཡིན་ཞིང་། འཆར་འགོད་བྱས་པའི་འདེབས་འཛུགས་རྒྱ་ཁྱོན་མུའུ་200ཟིན་པ་དེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དཔྱིད་དུས་ནགས་བཟོའི་གཙོ་གནད་འགག་སྒྲོལ་ཁུལ་ཞིག་རེད། དེ་གོང་ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་ས་ཁོད་སྙོམས་པ་དང་། ས་རྒྱུ་ལེགས་སུ་གཏོང་བ། ཞིང་ཆུ་འདྲེན་པའི་སྦུག་དྲ་འདིང་བ་སོགས་ཀྱི་རྨང་གཞིའི་ལས་དོན་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ་མ་ཟད། སྤུས་ལེགས་ཤིང་སོན་ཁྲི་1.9གྲབས་གསོག་དང་། འདེབས་འཛུགས་ས་ཁོངས་དབྱེ་བ། ཆུ་འགོ་འགན་ལེན་དང་ལག་རྩལ་རྩིས་སྤྲོད་དོན་འཁྱོལ་བཅས་བྱས་ནས་ནུས་ཆེའི་འདེབས་འཛུགས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    ལྷ་ས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་སྒྲིག་བཤེར་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཀྲ་ཤིས་སྒྲོལ་མས་ད་ཐེངས་ཀྱི་བྱེད་སྒོའི་ཐོག་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་གཞི་རྟེན་གསར་གཏོད་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་དང་སྐྱེ་ཁམས་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱས་ནས་ལས་ཁུངས་ཀྱི་ཏང་ཡོན་གཞུང་ལས་ཁང་ནས་དོན་པ་དང་སྐྱེ་ཁམས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་འོས་འགན་ངལ་རྩོལ་ལ་བརྟེན་ནས་ཏང་གཤིས་ཞུན་བརྡར་དང་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཐོག “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་དོན་འཁྱོལ་བྱས་པ་མ་ཟད། ཏང་ཀྲི་པུའུ་ཁག་གི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དེ་སྐྱེ་ཁམས་འཛུགས་སྐྱོང་གི་འཐབ་ས་དང་པོར་གང་ལེགས་མངོན་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་དམག་འཐབ་ནུས་པ་སྔར་བས་ཆེ་རུ་བཏང་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་པ་ནས་ད་བར་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་91.98བྱས་ནས་གྲོང་ཁྱེར་གྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་ནུས་ལྡན་བཏང་བ་དང་བྱེ་རླུང་ལྡང་བའི་གནམ་གཤིས་སྟོན་ཚུལ་ཉུང་དུ་ཕྱིན་ནས་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཆི་ཧོན་ཁྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཁྱོན་སྡོང་རྐང་ཁྲི་1.9བཏབ་པར་གཞི་ཁྱོན་མུའུ་200ཙམ་ཟིན་པ་དེ་ནི་2026ལོའི་དཔྱིད་དུས་ནགས་བཟོ་འགོ་ཚུགས་པའི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ལོ་འཁོར་གྱི་འཆར་གཞི་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱིས་2026ལོར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལྟེ་བའི་ལས་འགན་མུའུ་ཁྲི་9.68ལེགས་སྒྲུབ་བྱེད་རྒྱུ་དང་དཔྱིད་དུས་དེ་ས་མཐོའི་ནགས་བཟོའི་དུས་ཚིགས་ཡག་ཤོས་ཡིན་པའི་ངོས་ནས་གྲོང་ཁྱེར་ཡོངས་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་སྔོན་དཔག་བྱས་ན་ཟླ་5པའི་ཟླ་མཇུག་ཏུ་ལོ་འཁོར་གྱི་ནགས་བཟོའི་ལས་དོན་ལེགས་སྒྲུབ་བྱས་ནས་ལས་གྲྭ་སྤུས་འབྲས་ལེགས་གཉེར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་སས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བར་རིམ་རྩིས་བརྒྱབ་ན། ལས་བྱེད་པ་དང་མང་ཚོགས་ཁྲི་ཁ་ཤས་ལྗོན་ཤིང་འདེབས་འཛུགས་དང་བདག་སྐྱོང་ནང་ཞུགས་པ་དང་ཡུག་འབྲེལ་ནགས་བཟོ་མུའུ་ཁྲི་ལས་བརྒལ་ནས་སྡོང་ཕྲུག་གསོན་ཚད་85%ཡན་བརྟན་པོ་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་གྱི་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་སྡོང་ཕྲུག་སྐྱེད་སྲིང་དང་སྐྱེ་ཁམས་བདག་སྐྱོང་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐྱེ་ཁམས་ཀྱི་སྒུལ་ནུས་བསྣན་ནས་སྐྱེ་ཁམས་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་གཉིས་ཁེ་ཡོང་བར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀའོ་ཡུན་ཅའོ་ཡིས། དཔྱིད་དུས་ལྗོན་ཤིང་འདེབས་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་ནི“ཏང་འཛུགས་སྐྱོང་གིས་སྐྱེ་ཁམས་སྔོ་ལྗང་ལ་ཁྲིད་སྟོན་བྱེད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ལ། དེ་བས་ཀྱང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ཞིང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་སྡོང་པོ་རེ་རེ་བཞིན་ཡག་པོ་འཛུགས་པ་དང་བདག་སྐྱོང་གི་འགན་འཁྲི་འཁུར་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་མཐོར་སྔོ་ལྗང་གི་བཀྲག་མདངས་བསྣན་ཏེ། ཏང་འཛུགས་སྐྱོང་གི་བྱེད་སྒོའི་གསོན་ཤུགས་དེ་སྐྱེ་ཁམས་འཛུགས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་དངོས་སུ་འགྱུར་བར་བྱས་ཡོད་ཅེས་བཤད་པ་རེད།

    སྐྱེ་ཁམས་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་དམངས་ཡོངས་ཅན་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གིས་སྐྱེ་ཁམས་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། ནགས་ཤིང་གསོ་སྐྱོང་དང་། གསོ་སྐྱོང་བདག་སྐྱོང་། སྐྱེ་ཁམས་དྲིལ་བསྒྲགས། མེ་ཟོན་ལས་རེས་སོགས་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ལས་རིགས་ཁག་རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པར་སྐུལ་སློང་བཅས་བྱས་ནས་མི་ཚང་མས་ཤིང་འཛུགས་དང་། མི་ཚང་མས་ཤིང་སྲུང་། མི་ཚང་མས་སྔོ་ལྗང་ལ་གཅེས་སྐྱོང་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།