དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས།

    “ཀྲི་པུའུ་སྟོང་དང་ཏང་ཡོན་ཁྲི”སྡེ་ཁུལ་དུ་བསྐྱོད་ནས་ཞབས་ཞུའི་འབྱོར་ཐོ་འགོད་པའི་ལས་དོན་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-22

    ཉེ་ཆར། ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ཀྲི་པུའུ་སྟོང་དང་ཏང་ཡོན་ཁྲི”སྡེ་ཁུལ་དུ་བསྐྱོད་ནས་ཞབས་ཞུའི་འབྱོར་ཐོ་འགོད་པའི་གཅིག་སྡུད་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ད་རེས་ཀྱི་བྱེད་སྒོ་དེ་ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་ཀུན་བདེ་གླིང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་། ཞོལ་སྡེ་ཁུལ་ཏང་ཨུད། རྩིད་ཞིང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བ་ཞིག་ཡིན་ལ། དེ་ཐོག་ནས་ཁྲེང་ཀོན་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་སྡེ་ཁུལ་དུ་སྐྱོད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁྱོན་ཡོངས་ནས་འགོ་ཚུགས་པ་མཚོན་གྱི་ཡོད།

    འགོ་ཚུགས་མཛད་སྒོའི་ཐོག་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཁྲེང་ཀོན་ཆུས་ཀྱི“ཀྲི་པུའུ་སྟོང་དང་ཏང་ཡོན་ཁྲིའི”འབྱོར་ཐོ་འགོད་པ་གཉིས་དང་ཞབས་ཞུ་གཉིས་ཀྱི་ལས་དོན་བསྒྲུབས་པའི་དངོས་མཚོན་པར་གཞིར་མཉམ་དུ་བལྟས་པ་དང་། དུས་འགོའི་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་པ་དང་གཞི་རིམ་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་ཕན་འབྲས་དང་ལག་ལེན་བརྒྱུད་རིམ་ལ་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་དྲན་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལས་ཁུངས་ཏང་ཀྲི་པུའུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ཅུས་ལས་ཁུངས་ཏང་ཀྲི་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་རིམ་པ་བཞིན་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་སྤེལ་བ་མ་ཟད། ཏང་རྩ་འཛུགས་ཀྱི་སྤྱི་འདོམས་སྣེ་ཁྲིད་དང་། ཏང་ཡོན་གཞི་རིམ་དུ་བསྐྱོད་ནས་ཞབས་ཞུ། དམངས་ཕན་ཞབས་ཞུའི་གཞི་རྟེན་གཏོད་པ་སོགས་ལ་དམིགས་ནས་དམ་པ་དོན་གཉེར་གྱི་བྱེད་སྟངས་དང་ལས་ཀའི་ཉམས་མྱོང་མཉམ་སྤྱོད་ཀྱང་བྱས་ཏེ། ཁྲོམ་གཞུང་དང་སྡེ་ཁུལ་ཁག་གིས་ཏང་ཡོན་འབྱོར་ཐོ་འགོད་པའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་བསྟན་འཛིན་ཆོས་གྲགས་ཀྱིས་སྐུལ་སློང་གཏམ་བཤད་ནང“ཀྲི་པུའུ་སྟོང་དང་ཏང་ཡོན་ཁྲི”སྡེ་ཁུལ་དུ་བསྐྱོད་ནས་ཞབས་ཞུའི་འབྱོར་ཐོ་འགོད་པའི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་བརྒྱབ་ཅིང་། དུས་མཚམས་རྗེས་མའི་ལས་ཀའི་གཙོ་གནད་ལས་འགན་དང་ཞིབ་ཕྲའི་དོན་འཁྱོལ་བླང་བྱ་ཁ་གསལ་བཟོས་པ་མ་ཟད། ས་ཡུལ་དངོས་སུ་ཁྲེང་ཀོན་ཆུས་ཀྱི“ཀྲི་པུའུ་སྟོང་དང་ཏང་ཡོན་ཁྲི”སྡེ་ཁུལ་དུ་བསྐྱོད་ནས་ཞབས་ཞུའི་འབྱོར་ཐོ་འགོད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

    ད་རེས་གཅིག་སྡུད་འགོ་ཚུགས་མཛད་སྒོ་བདེ་བླག་ངང་གཉེར་བ་དང་། དེས་ཁྲེང་ཀོན་ཆུས་དང་དེ་བཞིན་ཁོངས་གཏོགས་ཀྱི་ཁྲོམ་གཞུང་སྡེ་ཁུལ་ཁག་གིས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་འགོད་པ་གཉིས་དང་ཞབས་ཞུ་གཉིས”ཀྱི་ལས་དོན་ཟབ་ཏུ་གཏོང་ཆེད་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་དང་འབད་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།