སྨར་ཁམས་རྫོང་གིས་རིག་གནས་ལུས་རྩལ་བྱེད་སྒོར་བརྟེན་ནས་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ།
ཉེ་ཆར་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་གྲུ་པ་རོང་ཤང་སྤྱི་སྲུང་སྒང་དམག་འཐབ་གནའ་ཤུལ་དྲན་གསོ་ཁང་གི་ཐང་ཆེན་དུ་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་འགྲན་བསྡུར་ཞིག་གཉེར་ནས་བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་དོད་པོ་ཡོད་ཅིང་། དེས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
འགྲན་བསྡུར་དེ་དྲན་གསོ་ཁང་གི་ཐང་ཆེན་དུ་རྒྱུན་མཐུད་ངང་གཉེར་བ་དང་ཆབས་ཅིག་གྲུ་པ་རོང་ཤང་གིས་རིག་གནས་ཡུལ་སྐོར་གྱི་ཚོང་ལས་གོ་སྐབས་དམ་འཛིན་བྱས་ཏེ་མཐའ་འཁོར་མང་ཚོགས་ལ་ཟུར་སྡེ་ཤོད་ཀྱི་སུར་པན་དང་། ཁར་སྡུད་སྒང་གི་བེ་ཤ། སྟར་ཁ་སྟེང་གི་དྲོད་ཁང་ཆེན་པོའི་སྔོ་ཚལ་དང་ཤིང་ཏོག་སོགས“སྨར་ཁམས་ཀྱི་རོ་བཅུད”འགྲེམས་པར་ཁྲིད་སྟོན་བྱས་པ་རེད། ཤང་སྲིད་གཞུང་གིས“གསར་བརྗེའི་ཞིང་སྐྱོར་ཁྲོམ་སྟེགས”གཅིག་གྱུར་འཆར་འགོད་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྣེ་ཁྲིད་དེ་ཚད་ལྡན་གཉེར་སྐྱོང་བྱས་ཏེ་མང་ཚོགས་ལ་ཐང་ག་དང་། སྤོས། བསླས་འཐག་སོགས་འགྲན་ཞུགས་བརྩམས་ཆོས་དེ་དག་འཁྱེར་བདེ་བའི་ཡུལ་སྐོར་ཚོང་ཟོག་ཏུ་བསྒྱུར་རྒྱུའི་ལྕག་སྐུལ་བྱས་པས“ཡུལ་སྐོར་བས་འགྲན་བསྡུར་ལ་ལྟ་བ་དང་། ཁྱད་ལྡན་ཐོན་རྫས་ལ་མྱོང་རོལ་བྱེད་པ། དངོས་ཟོག་ཡག་པོ་ཉོ་བ”བཅས་ཀྱི་གདུབ་ཟུམ་ཉམས་ལེན་གྱི་ལྷུ་ཚིགས་གྲུབ་པ་རེད། མིག་སྔའི་བར་དྲན་གསོ་ཁང་གི་མཐའ་འཁོར་དུ་རིམ་རྩིས་བརྒྱབ་ན་ཁྲོམ་སྟེགས་30ལྷག་ཙམ་བཙུགས་ནས་མང་ཚོགས་དུད་ཚང་21ལ་ཁྱབ་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་3ལྷག་ཙམ་ཟིན་ཏེ“འགྲན་བསྡུར་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི”འཁོར་རྒྱུག་བཟང་པོ་འཚོལ་ཞིབ་བྱས་པ་རེད།
བྱེད་སྒོ་སྤེལ་ཚུན“གསར་བརྗེའི་ཞབས་ཞུའི་རུ་ཁག”གིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བར་ཞབས་འདེགས་ཞུ་ཐེངས་110ལྷག་ཙམ་ཟིན་པ་དང་ཡུལ་སྐོར་བའི་བསམ་འཆར་དང་གྲོས་འགོ་5དང་ལེན་བྱས་པས་ཡུལ་སྐོར་བར་ཞབས་འདེགས་ཞུ་བ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་ལག་ལེན་ཁྲོད་ལས་བྱེད་པ་དང་མང་ཚོགས་ཀྱི་མཛའ་གྲོགས་ཇེ་ཟབ་ཏུ་ཕྱིན་པ་རེད།
འབྲེལ་ཡོད་གསར་འགྱུར།