ཟངས་རི་རྫོང་གིས།
སྡེ་ཁུལ་གྱི་ལས་དོན་པའི་གཟུགས་པོར་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། ཟངས་རི་རྫོང་སྤྱི་ཚོགས་ལས་དོན་པུས་རྫོང་ཡོངས་ཀྱི་སྡེ་ཁུལ་གྱི་ལས་དོན་པ་སྒྲིག་འཛུགས་བྱས་ནས་གཟུགས་པོར་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་བྱ་སྤྱོད་ངོ་མའི་ཐོག་ནས་རྩ་འཛུགས་ཀྱི་ཐུགས་ཁུར་མཚོན་པ་དང་། གཞི་རིམ་བཅོས་སྐྱོང་དཔུང་ཁག་གི་བདེ་ཐང་འགོག་རགས་བརྟན་དུ་གཏོང་བ། སྡེ་ཁུལ་གྱི་ལས་དོན་པས་སེམས་ཤུགས་དེ་བས་ཆེན་པོས་གཞི་རིམ་ལ་ཞབས་འདེགས་ཞུ་རྒྱུར་ལྕག་སྐུལ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་རེད།
སྨན་དོན་མི་སྣས་ཆེད་ལས་དང་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་སྡེ་ཁུལ་གྱི་ལས་དོན་པར་དེ་སྔོན་ནད་གཞི་ཕོག་མིན་དང་འཚོ་བའི་གོམས་གཤིས་ངང་རྒྱུད་རིང་པོས་དྲིས་ཏེ་ཤེས་རྟོགས་བྱུང་བའི་བདེ་ཐང་གི་གནད་དོན་དང་མངོན་མེད་ཉེན་ཁར་དམིགས་ནས་རང་རང་སོ་སོའི་གནས་ཚུལ་དང་འཚམ་པའི་བདེ་ཐང་མཛུབ་ཁྲིད་དང་ནད་གཞི་སྔོན་འགོག་གི་གྲོས་འགོ་བཏོན་པ་མ་ཟད། ཚན་རིག་དང་མཐུན་པའི་ལུས་གསོའི་ཤེས་བྱ་ཡང་ཁྱབ་སྤེལ་བཏང་ཡོད།
སྡེ་ཁུལ་ལས་དོན་པས་རྩ་འཛུགས་ཀྱིས་ཐུགས་ཁུར་གནང་བ་དེ་ལས་ཀའི་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ། དེ་བས་བདེ་ཐང་གི་ལུས་སེམས་དང་དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད་ཐོག་ནས་སྡེ་ཁུལ་གྱི་ཞབས་ཞུ་དང་གཞི་རིམ་བཅོས་སྐྱོང་གི་ལས་དོན་ཁག་ནང་ཞུགས་པ་དང་རྒྱ་ཆེའི་མང་ཚོགས་ཀྱི“སྙིང་ཉེ་བ”ཡག་པོ་ཞིག་བྱས་ནས། བདེ་སྐྱིད་ལྡན་པའི་ཟངས་རི་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།