དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཇ་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-22

    ཟླ་5ཚེས་20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཇ་མོལ་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཇ་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་མང་རིང་། ང་དང་ཙུང་ཐུང་ཕུའུ་ཅིང་དབར་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོཌ་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོཌ་ཟླའི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཐུན་མོང་ཐོག་སྣེ་ཁྲིད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོཌ་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་སྟེ། ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མིག་དཔེ་གསར་པ་བཏོད་ནས་ཟང་ཟིང་དང་རྙོག་འཛིང་ཆེ་བའི་འཛམ་གླིང་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་རྒྱུན་མཐུད་བསྣན་ཡོད། དེ་རིང་ང་དང་ཙུང་ཐུང་ཕུའུ་ཅིང་དབར་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་བྱུང་ཡོད། འབད་བརྩོན་བྱས་ན་མི་འགྲུབ་བྱ་བ་ཅི་ཡང་མེད། དཀའ་སྤྱད་མདུན་སྐྱོད་བྱས་ན་དམིགས་སར་བདེ་བླག་འབྱོར། ཕྱོགས་གཉིས་པོའི་འབད་བརྩོན་ལྷོད་མེད་འོག་ཀྲུང་ཨུའི་འབྲེལ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ཐུབ་ནས། གོང་ནས་གོང་དུ་འཕེལ་བ་དང་ཡག་ཐོག་ཡག་བརྩེགས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཕུའུ་ཅིང་གིས་གསུངས་དོན། ད་ཐེངས་ཀྱི་འཚམས་འདྲི་ནི་དངོས་སྒྲུབ་ནུས་ཆེ་ཡིན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུན་མོང་ཐོག་ཨུ་ཀྲུང་འབྲེལ་བའི་འཕེལ་རིམ་ལ་ཕྱིར་ལྟ་བྱས་ནས། རྒྱ་ཁྱབ་ཀྱི་གྲོས་དོན་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། གོམ་སྟབས་རྗེས་མའི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པས། དེས་ཨུ་ཀྲུང་འབྲེལ་བ་ཐོག་མཐའ་བར་གསུམ་དུ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བྱ་རྒྱུར་ཕན་ཐོགས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོཌ་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཨུ་ཀྲུང་འབྲེལ་བའི་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་ལ་བརྟེན་ཏེ་འཛམ་གླིང་ཞི་བདེ་དར་རྒྱས་ཡོང་བར་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

    ཚའེ་ཆི་དང་ཝང་དབྱི་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།