རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་2026ལོའི་རྒྱུན་གཏན་བསྡོམས་རྩིས་ལྟ་བཤེར་གྱི་བསྡོམས་རྩིས་ལྟ་བཤེར་ཚོགས་ཆུང་བཞི་པ་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ཏེ་བསྡོམས་རྩིས་ལྟ་བཤེར་བྱེད་འགོ་ཚུགས་པ།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་གནང་བ་གཞིར་བཟུང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་2026ལོའི་རྒྱུན་གཏན་བསྡོམས་རྩིས་ལྟ་བཤེར་གྱི་བསྡོམས་རྩིས་ལྟ་བཤེར་ཚོགས་ཆུང་བཞི་པ་ཉེ་ཆར་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ནས་བསྡོམས་རྩིས་ལྟ་བཤེར་བྱེད་འགོ་ཚུགས་པ་དང་འབྲེལ། ཟླ་5ཚེས་19ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་མཐུད་མཐུན་སྦྱོར་ཡང་བྱས་པ་རེད། ལྟ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལུའེ་ཞའོ་ཝུའུ་ཡིས་བསྡོམས་རྩིས་ལྟ་བཤེར་དོན་གནད་བརྡ་ཁྱབ་བཏང་བ་དང་ལས་དོན་གྱི་བླང་བྱ་བཏོན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འབྲེལ་མཐུད་མཐུན་སྦྱོར་ལ་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་འབྲེལ་མཐུད་མཐུན་སྦྱོར་ལ་ཞུགས་པ་རེད།
ལུའེ་ཞའོ་ཝུའུ་ཡིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསྡོམས་རྩིས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྡོམས་རྩིས་རྫུན་བཟོ་འགོག་བཅོས་ཐད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསྡོམས་རྩིས་རྫུན་བཟོ་འགོག་བཅོས་ཀྱི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དང་ཟབ་ཏུ་བཏང་བས། བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། འོན་ཀྱང་ས་ཁུལ་ཁག་གཅིག་དང་ཁྱབ་ཁོངས་ཁག་གཅིག་ཏུ་བསྡོམས་རྩིས་ཀྱི་སྒྲིག་འགལ་ཁྲིམས་འགལ་གནད་དོན་སྔར་བཞིན་གནས་ཡོད་པས་ཚད་མཐོའི་མཐོང་ཆེན་དང་དོགས་ཟོན་བྱེད་དགོས།
ལུའེ་ཞའོ་ཝུའུ་ཡིས་ནན་བཤད་གནང་དོན། བསྡོམས་རྩིས་ལྟ་བཤེར་ལས་དོན་སྤེལ་བ་ནི་བསྡོམས་རྩིས་ལས་དོན་དང་། ལྷག་པར་དུ་བསྡོམས་རྩིས་རྫུན་བཟོ་འགོག་བཅོས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པར་དངོས་འཛིན་དངོས་སྒྲུབ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག བསྡོམས་རྩིས་གྲངས་གཞི་གནད་འཁེལ་ཡང་དག་ལ་སྲུང་སྐྱོང་དང་བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་དེ་བས་ནུས་ལྡན་ངང་འདོན་སྤེལ་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་བཅས་རེད།
ལྟ་བཤེར་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པ་དང་ཀྲུང་དབྱང་གི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་བླང་བྱ་ཁག་ལག་བསྟར་ནན་ཏན་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་བསྡོམས་རྩིས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། བསྡོམས་རྩིས་རྫུན་བཟོ་འགོག་བཅོས་ཀྱི་འགན་འཁྲི་དོན་འཁྱོལ། བསྡོམས་རྩིས་ཀྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དང་། ནན་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བསྡོམས་རྩིས་ལྟ་བཤེར་གྱི“མཚོན་ཆ་རྣོན་པོའི”ནུས་པ་ཏན་ཏིག་བཏོན་ནས“ལོ་ལྔ་ཚན་བཅོ་ལྔ་པའི” འགོ་ཡག་པོ་འཛུགས་པར་སྲ་ཞིང་བརྟན་པའི་བསྡོམས་རྩིས་ཀྱི་འགན་སྲུང་བྱ་རྒྱུ་ཡིན།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ལྟ་བཤེར་ཚོགས་ཆུང་བོད་དུ་བཅའ་སྡོད་བྱས་ནས་བསྡོམས་རྩིས་ལྟ་བཤེར་ལས་དོན་སྤེལ་བ་ནི་ལྗོངས་ཡོངས་ཀྱི་བསྡོམས་རྩིས་ལས་དོན་ལ་ཆབ་སྲིད་དག་བཤེར་དང་ལས་དོན་དག་ཐེར་བྱས་པ་ཞིག་རེད། བོད་ཀྱིས་བསྡོམས་རྩིས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱེད་པ་དང་། ལས་ཀའི་བླང་བྱར་ནན་པོར་གཞིགས་པ། བསྡོམས་རྩིས་ཀྱི་ལྟ་བཤེར་ལ་རང་རྟོགས་ངང་དང་ལེན་དང་རང་འགུལ་ངང་གཞོགས་འདེགས་བྱེད་པ། ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ཁག་ནན་པོ་སྲུང་བ་བཅས་བྱས་ནས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱེད་ཀྱི་ཡིན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། རྩ་ལག་མཉམ་བཅོས་ཀྱིས་བསྡོམས་རྩིས་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། ཁྲིམས་ལྟར་བསྡོམས་རྩིས་རྒྱག་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བསྡོམས་རྩིས་ལས་དོན་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།
ལྟ་བཤེར་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་ཀུང་ཧུའེ་ཚའེ་འབྲེལ་མཐུད་མཐུན་སྦྱོར་ནང་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།