དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དངོས་སུ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-21

    ཟླ་5ཚེས་18ཉིན། མངའ་རིས་ས་ཁུལ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གི་སྒོ་མོ་འབྱེད་པའི་མཛད་སྒོ་སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འཚོགས་པ་དེ་ཐོག་ནས་མངའ་རིས་སུ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་སའི་གསར་བརྗེའི་གཡུལ་ས་ཞིག་མང་དུ་ཕྱིན་ཏེ། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་གསོན་ཤུགས་གསར་པ་སྦྱིན་པ་མཚོན་ཡོད།

    མངའ་རིས་ས་ཁུལ་གྱི་དཔོན་དམག་གི་འཐུས་མི་དང་། མི་དམངས་ཉེན་རྟོག་པའི་འཐུས་མི། དགེ་སློབ་ཀྱི་འཐུས་མི། དམག་ཞབས་ཐིམ་པའི་དམག་མིའི་འཐུས་མི། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་མི་བཅས་ཁྱོན་མི་60སྒོ་མོ་འབྱེད་པའི་མཛད་སྒོར་ཞུགས་པ་དང་། དྲན་གསོ་ཁང་དུ་སྒར་རྫོང་ཁུང་ཧྥན་སེན་སློབ་ཆུང་གི་སྒྲོག་འགྲེལ་པ་ཆུང་ཆུང་འགའ་ཤས་ཀྱིས་ཞིབ་ཅིང་ཁུངས་འཕེར་བའི་ལོ་རྒྱུས་ཡིག་ཆ་དང་། རྩ་ཆེའི་ལོ་རྒྱུས་འདྲ་པར། མི་སེམས་འགུལ་བའི་གཏམ་རྒྱུད་བཅས་ལ་བརྟེན་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བླ་ན་མེད་པའི་མཛད་རྗེས་གསོན་ཉམས་དོད་པོས་བརྗོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དེ་སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གནས་པ་དང་། 2024ལོའི་ཟླ་6པར་ལས་གྲྭ་མཇུག་སྒྲིལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།