ཀྲུང་ཨུའི་འགྲེམས་ཚོགས་སྐབས་བཅུ་པར་བཀྲག་མདངས་འཚེར་ས་མང་བ།
ཕྱི་ཕྱོགས་སྒོ་དབྱེའི་སྒུལ་ནུས་གསར་པ་འཕེལ་བ།
ཤིན་ཧྭ་གསར་འགྱུར་ཁང་ཧར་པིན་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། དབྱར་འགོར་བསིལ་རླུང་དལ་གྱིས་ལྡང་ཞིང་། ཀྲུང་གོ་དང་ཨུ་རུ་སུའི་འགྲེམས་ཚོགས་སྐབས་བཅུ་པ་ཟླ་5ཚེས་17ཉིན་ཧར་པིན་དུ་དངོས་སུ་འགོ་ཚུགས་པ་རེད། འགྲེམས་ཁང་དུ་སྐྱོད་སྐབས་ཀྲུང་ཨུ་སོགས་རྒྱལ་ཁབ་མང་པོའི་ཚོང་འགྲུལ་པ་དང་གྲོང་མི་སོགས་ལྟ་བས་མི་ཁོམ་པའི་འགྲེམས་སྟེགས་དབར་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཀྲུང་ཨུའི་འགྲེམས་ཚོགས་ནང་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བ་དང《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་མཚམས་ཚིགས་གལ་ཆེན་དུ“ཡིད་ཆེས་དང་། མཉམ་ལས། གཉིས་ཁེ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཁབ་དང་ས་ཁུལ་46དང་ཀྲུང་ཕྱིའི་ཁེ་ལས་1500ལྷག་ཙམ་འགྲེམས་ཞུགས་བྱ་རྒྱུའི་ཡིད་དབང་བཀུག་ཡོད།
“ད་ཐེངས་ཀྱི་འགྲེམས་ཚོགས་བཀོད་སྒྲིག་ནང་ཚོང་དོན་བྱེད་སྒོ་ཁག་10ལྷག་ཙམ་སྤེལ་རྒྱུ་རེད”ཅེས་ཨུ་རུ་སུ་དང་ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་དཔལ་འབྱོར་འཕེལ་རྒྱས་པུའི་ཚོང་དོན་འཐུས་མི་ཁྲུའུ་ཡི་འཐུས་མི(ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་ཚོང་དོན་འཐུས་མིའི་རིམ་པ་གཞོན་པ)ཞེར་ཅིའུ་ཁོའོ་ཝཱ་ཡིས་བཤད་པ་དང་། ཁོང་གིས་ཚོགས་ཆེན་རིང་ཕྱོགས་གཉིས་ཀྱི་ཚན་རྩལ་མཉམ་ལས་དང་། བཟོ་ལས་གླིང་ཁུལ་དང་ཐོན་ལས་ཚོགས་པའི་འཕེལ་རྒྱས། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན། སྨན་བཅོས་དང་འཕྲོད་བསྟེན་བདེ་ཐང་སོགས་ཕྱོགས་ཁག་གི་ནང་དོན་ཚུད་པའི་རིགས་ཁག་གི་གླེང་སྟེགས་དང་གྲལ་སྒོར་གྲོས་ཚོགས་འཚོག་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
ཚོང་དོན་པུའི་ཡོ་རོབ་དང་ཨེ་ཤེ་ཡ་སིའི་སི་ཀྲང་གཞོན་པ་མཱ་ཁྲེ་ཡིས། ཚོང་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཀྲུང་ཨུའི་འགྲེམས་ཚོགས་དང་ནང་འདྲེན་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་གོ་སྐབས་སུ་བྱས་ཏེ། གནད་སྨིན་ཅན་དང་ཆེད་ལས་ཅན་གྱི་ཁེ་ལས་སྦྲེལ་མཐུད་ལས་སྟེགས་སྔར་བས་མང་བ་གཏོད་རྒྱུ་རེད། ནུས་རྒྱུ་དང་། གཏེར་ཁ། འབྲུ་རིགས་སོགས་འབོར་ཆེའི་ཚོང་ཟོག་ཉོ་ཚོང་མུ་མཐུད་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་བྱེད་པ་དང་ཆབས་ཅིག འཛམ་གླིང་གི་དཔལ་འབྱོར་ལ་བརྟན་པོའི་རང་བཞིན་དང་སྒུལ་ནུས་གསར་པ་སྣོན་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།