དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཀྲུང་གོ་དང་ཅ་ཀྲོའུ་ཡི་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཀྱིས་ཀྲུང་ཨའི་ས་གནས་དཔལ་འབྱོར་ཚོང་དོན་གྱི་སྤེལ་རེས་ཟབ་ཏུ་གཏོང་བར་དམིགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-21

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུའོ་ཧྲན་ཅི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་2026ལོའི་ཀྲུང་གོ་དང་ཅ་ཀྲོའུ་ཡི་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཨ་རིའི་ཅ་ཀྲོའུ་ལུའོ་ཧྲན་ཅི་གྲོང་ཁྱེར་དུ་གཉེར་ཞིང་། ཀྲུང་ཨའི་རྒྱལ་ཁབ་གཉིས་པོའི་སྲིད་ཚོང་ལས་རིགས་ཀྱི་མི་སྣ་550ཙམ་མཉམ་དུ་འཛོམས་ནས་ཀྲུང་ཨའི་ས་གནས་མཉམ་ལས་ཀྱི་གསོན་ཤུགས་འཕེལ་བ་དང་། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཨ་རིའི་ཅ་ཀྲོའུ་ཡི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཐུན་མོང་ཐོག་འབོད་སྐུལ་བྱས་པ་རེད།

    ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞེ་ཧྥུང་གིས་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས། ཅ་ཀྲོའུ་ནི“ཀྲུང་ཨའི་ས་གནས་མཉམ་ལས་ཀྱི་མདུན་ས”ཞིག་རེད། ཀྲུང་གོ་དང་ཅ་ཀྲོའུ་ཡི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དེ་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་བྱེད་སྒོར་གྱུར་ཡོད་ཅེས་བརྗོད། ཁོང་གིས་ད་ལོ་ནི་ཀྲུང་ཨའི་འབྲེལ་བའི“ལོ་གསར་པ”ཞིག་ཡིན། མཐོ་རིམ་འགྲོ་འོང་གི་གྲོས་རིམ་གལ་ཆེན་སྤེལ་འགོ་ཚུགས་ཟིན་པས། ཅ་ཀྲོའུ་ཡིས་མུ་མཐུད་རྒྱ་མཚོ་ཆེན་པོར་ཕྱོགས་པའི་སྒོ་དབྱེའི་རྣམ་འགྱུར་དང་གཞན་གྱི་སྔོན་ལ་བྱེད་ཕོད་པའི་གསར་འབྱེད་སྙིང་སྟོབས་ལ་བརྟེན་ནས། དུས་སྐབས་གསར་པར་ཀྲུང་ཨའི་དབར་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་འཚོལ་ཞིབ་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    ཧའེ་ནན་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་ཀྱིས་ད་ཐེངས་ཀྱི་གླེང་སྟེགས་རིང་ཅ་ཀྲོའུ་དང་མཉམ་ལས་རྣམ་གྲངས་མང་པོར་མིང་རྟགས་བཀོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།