བོད་ལྗོངས་ལྷོ་ཁའི་རིག་དངོས་རྩ་ཆེན་འགྲེམས་སྟོན་གྱིས་མི་རིགས་མཉམ་འདྲེས་ཀྱི་ལོ་ངོ་སྟོང་གི་གཏམ་རྒྱུད་སྙན་མོ་བརྗོད་པ།

འདི་ནི་ཟླ་5ཚེས་18ཉིན་བོད་རང་སྐྱོང་ལྗོངས་ཀྱི་2026ལོའི“5·18རྒྱལ་སྤྱིའི་རྟེན་མཛོད་ཁང་གི་ཉིན་མོའི”ཚོགས་ར་གཙོ་བོར་བྱེད་སྒོའི་འགོ་ཚུགས་མཛད་སྒོ་གཉེར་བའི་རྣམ་པ་ཡིན་པ།

འདི་ནི་ཟླ་5ཚེས་18ཉིན་པར་བླངས་པའི་རིག་དངོས་རྩ་ཆེན་འགྲེམས་སྟོན་ཐོག་གི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་བྱང་སྟག་རིས་མ་ཡིན་པ།
ཟླ་5ཚེས་18ཉིན་ནི་རྒྱལ་སྤྱིའི་རྟེན་མཛོད་ཁང་གི་ཉིན་མོ་ཡིན་ཞིང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས། ལྷོ་ཁའི་རིག་དངོས་རྩ་ཆེན་འགྲེམས་སྟོན”དངོས་སུ་འགོ་ཚུགས་པ་དང་། རྩེར་སོན་རིག་དངོས(ཁག)70ལྷག་ཙམ་བོད་ལྗོངས་ལྷོ་ཁ་རྟེན་མཛོད་ཁང་དུ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས། གངས་ལྗོངས་ས་མཐོ་དང་ཀྲུང་ཡོན་ས་གཞི་ཆེན་པོའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།