དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བཅའ་ཁྲིམས་ཁྱབ་གདལ་བཏང་། ཁྲིམས་སྐྱོང་ལེགས་པར་བྱེད།

    —— ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི“ལོ་ལྔ་ཚན་དགུ་པའི”བཅའ་ཁྲིམས་ཁྱབ་ གདལ་བྱེད་སྒོ་མལ་གྲོ་གུང་དཀར་རྫོང་དུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-21

    ཟླ་5པའི་གངས་ལྗོངས་ས་མཐོར་ཙག་ཙིག་ཚོང་ཁང་ལ་ཁྲིམས་སྐྱོང་གི་ལས་དོན་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་ཚོགས་པས་རླངས་འཁོར་བཏང་ནས་སྤྱི་ལེ་བརྒྱ་ལྷག་ཙམ་བསྐྱོད་དེ“ཁྲིམས་སྐྱོང་གིས་འགན་སྲུང་·ཡིད་རྟོན་ངང་གཉེར་སྐྱོང”ཞེས་པའི་བརྗོད་དོན་གཙོ་བོའི་བཅའ་ཁྲིམས་ཁྱབ་གདལ་སློབ་ཁང་དེ་གཞི་རིམ་ཙག་ཙིག་ཚོང་ཁང་གི་སྒོ་འགྲམ་དུ་བཙུགས་པ་དང་བོད་རྒྱ་ཡིག་རིགས་གཉིས་ནས་བཅའ་ཁྲིམས་ཀྱི་དོན་ཚན་དེ་དག་མང་ཚོགས་ཀྱིས་གོ་ཐུབ་པ་དང་ངེས་ཐུབ་པའི་སྐད་ཆའི་ཐོག་ནས་བཤད་པ་རེད།

    “དྲ་ཐོག་ནས་ཐ་མག་ཉོས་ཏེ་བཙོངས་ན་འགྲིག་གམ”ཞེས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྒྲོག་འགྲེལ་བྱེད་འགོ་ཚུགས་མ་ཐག་ཙག་ཙིག་ཚོང་ཁང་དང་འབྲེལ་བ་དམ་པོ་ཡོད་པའི་གནད་དོན་ནས་འགོ་བཙུགས་ཏེ་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་དང་མི་མཐུན་པའི་ཐབས་ལམ་བརྒྱུད་ཐ་མག་ཉོས་པའི་ངེས་བཟུང་ཚད་གཞི་དང་བཅའ་ཁྲིམས་ཀྱི་འགན་འཁྲིར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    “ན་སོ་དར་ལ་མ་བབས་པའི་མིར་ཐ་མག་བཙོངས་ན་འགྲིག་གམ” དེ་ནི་དེ་བས་ཀྱང་བྱེད་མི་ཆོག་པ་སྟེ། སྟབས་བདེའི་ཚོང་ཁང་ཞིག་གིས་ཞིབ་དཔྱད་མ་བྱས་པར་ན་སོ་དར་ལ་མ་བབས་པའི་མི་ལ་ཐ་མག་བཙོངས་པས་གཞན་གྱིས་ཐེར་འདོན་གོང་ཞུ་བྱས་པ་རེད། དེ་རྗེས་ཚོང་ཁང་དེར་དངུལ་ཆད་ཕོག་པའི་སྒང་ལ་མིང་ཆད་ཀྱང་ཕོག་པ་རེད།

    སྒྲོག་འགྲེལ་ཚོགས་པས་མང་ཚོགས་ལ“12313”རྡོ་ཐ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཞབས་ཞུའི་ཐད་འབྲེལ་ཁ་པར་དང“ཞབས་ཞུའི་ལྟ་སྐུལ་གཱ”སྤྲད་པ་དང་། བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་ཤོག་བྱང་ཆུང་ངུའི་ཐོག་ཐེར་འདོན་བྱེད་སྟངས་དང་སྒྲིག་འགལ་གཉེར་སྐྱོང་གི་རིགས་བཀོད་ཡོད། བོད་རིགས་ཨ་ཁུ་ཞིག་གིས་ཤོག་བྱང་དེ་པ་ཀིར་ནང་བླུགས་རྗེས“དེ་སྔོན་ཐ་མག་རྫུས་མ་བཙོངས་པ་མཐོང་སྐབས། སུ་འཚོལ་དགོས་མིན་ཤེས་ཀྱི་མེད། ད་ཆ་ཐེར་འདོན་ཨང་གྲངས་རག་བྱུང་བས། ད་ཡག་པོ་བྱུང་སོང”ཞེས་བཤད།

    མལ་གྲོ་གུང་དཀར་རྫོང་ནི“ལོ་ལྔ་ཚན་དགུ་པའི”བཅའ་ཁྲིམས་ཤེས་བྱ་གཞི་རིམ་དུ་ཁྱབ་གདལ་གཏོང་བའི་ས་ཚིགས་ཀྱི་གྲས་ཤིག་ཡིན། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་ཁྲིམས་སྐྱོང་རྡོ་ཐ་འཛུགས་སྐྱོང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་སྙིང་སྟོབས་གངས་ལྗོངས་ས་མཐོའི་རྡོ་ཐ་བཅོས་སྐྱོང་ལག་ལེན་ཁྲོད་ཁྱབ་པར་བྱས་ཏེ་ཁེ་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས‘ཚོང་གཉེར་དང་ཁྲིམས་སྲོལ་ཟུང་འབྲེལ’གྱི་མཐུན་སྦྱོར་མཉམ་བཅོས་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཚོང་ཤག་སྤྱི་གཉེར་བ་དེ་སྐོར་སྐྱོད་བཅའ་ཁྲིམས་ཁྱབ་གདལ་བར་འགྱུར་བ་དང་ཁྲོམ་རའི་ཞིབ་བཤེར་དེ་ས་ཡུལ་དངོས་ཀྱི་ཁྲིམས་སྐྱོང་སློབ་ཚན་ཞིག་ཏུ་འགྱུར་བར་བྱེད་བཞིན་ཡོད”ཅེས་བཤད། (བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།