ཁ་ལོ་བ་ཚོ། སང་དགོང་ནས་སྣུམ་རིན་འཕར་རྒྱུ་རེད་འདུག
ཁ་ལོ་བ་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། ཟླ་5ཚེས་21ཉིན(གཟའ་ཕུར་བུ)གྱི་དགོང་མོའི་ཆུ་ཚོད་12ནས་རྒྱལ་ནང་གི་བཅོས་སྣུམ་གྱི་རིན་གོང་འཕར་རྒྱུ་ཡིན་པ་རེད།

ཉེ་ཆར། རྒྱལ་སྤྱིའི་སྣུམ་རིན་བསྟུད་མར་འཕར་བའི་ཤུགས་རྐྱེན་ལས། རྒྱལ་ནང་གི་བཅོས་སྣུམ་རིན་གོང་འཕར་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཏུན་རེར་སྒོར་70འཕར་རྒྱུ་དང་། འཕར་ཚད་དེར་གཞིགས་ནས་བརྩིས་ན། རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཧྲེང་རེར་སྒོར་0.05一0.06བར་འཕར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།