དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོགས་པའི་ཚད་གཞི་ཁག་གཉིས་དངོས་སུ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་ཡན་ལག་ཀུང་སིས་འགན་གཙོ་བོ་ཁུར་ནས་རྩོམ་འབྲི་བྱས་པའི《མྱུར་བགྲོད་གཞུང་ལམ་གྱི་ལྗིད་ཚད་འཇལ་བའི་ཞིབ་དཔྱད་ཚད་ལེན་ལས་གྲྭ་འཛུགས་སྐྲུན་གྱི་ལག་རྩལ་ཚད་གཞི》དང《མྱུར་བགྲོད་གཞུང་ལམ་གྱི་ཞིང་ལས་ཐོན་རྫས་སོས་པ་སྐྱེལ་འདྲེན་ཞིབ་བཤེར་གྱི་ལག་རྩལ་ཚད་གཞི》ཡི་ཚོགས་པའི་ཚད་གཞི་ཁག་གཉིས་མཚོ་སྔོན་ཞིང་ཆེན་གཞུང་ལམ་རིག་གཞུང་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ་རེད།

    ད་ཐེངས་ཀྱི་ཚོགས་པའི་ཚད་གཞི་བཟོ་སྐབས། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་གཉེར་སྐྱོང་གི་དོན་དངོས་དང་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་པའི་ཐོག་རྒྱུན་གཏན་གྱི་གཉེར་སྐྱོང་དོ་དམ་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ། བསམ་འཆར་བསྡུ་རུབ། བཟོ་བཅོས་ཡང་ཡང་རྒྱག་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཚོད་འཛིན་ནན་པོ་བྱས་ནས་ལས་རིགས་ཀྱི་སྔོན་ཐོན་ཉམས་མྱོང་དང་ལག་ལེན་གྱི་གྲུབ་འབྲས་མཉམ་འདྲེས་གང་ལེགས་བྱེད་པར་ཚད་གཞི་འདི་གཉིས་ལ་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པ་རེད། དེ་ལས་མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་གྱི་ལྗིད་ཚད་ཞིབ་དཔྱད་ཚད་ལེན་དང་ཐོགས་མེད་ཤར་བགྲོད་ཞིབ་བཤེར་ཁྱབ་ཁོངས་སུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན་བཅས་ཀྱི་དོ་དམ་ཆུ་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

    ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མྱུར་བགྲོད་གཉེར་སྐྱོང་ཡན་ལག་ཀུང་སིས་ད་ཐེངས་ཀྱི་ཚོགས་པའི་ཚད་གཞི་ཁག་གཉིས་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ་གོ་སྐབས་སུ་བྱས་ནས་ཚད་ལྡན་གྱི་དྲིལ་བསྒྲགས་ལག་བསྟར་གསོ་སྦྱོང་དང་། དོན་འཁྱོལ་ལག་བསྟར། རྗེས་འདེད་ལེགས་གཏོང་བཅས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ་ཚད་གཞིའི་ནང་དོན་དེ་རྒྱུན་གཏན་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག ལས་རིགས་ལག་རྩལ་ཞིབ་འཇུག་དང་ཚད་གཞིའི་མ་ལག་འཛུགས་སྐྱོང་མུ་མཐུད་བྱེད་ཟབ་ཏུ་བཏང་ནས་གཞུང་ལམ་དྲ་བ་གཉེར་སྐྱོང་བདག་སྐྱོང་དང་། ཞབས་ཞུ་རིམ་སྤོར། རིག་ནུས་འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། དོན་དངོས་དང་འཚམ་པ་དང་དངོས་སྒྲུབ་གོ་ཆོད་ཀྱི་ཚད་གཞི་དེ་བས་མང་བ་རྒྱུན་ཆད་མེད་པར་བཏོན་ཏེ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་བརྟེན་ནས་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་དོ་དམ་སྤུས་འབྲས་ལེགས་གཉེར་ཡོང་བར་མཐུན་རྐྱེན་སྦྱར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།