པར་རིས་གསར་འགྱུར།

ཟླ་5ཚེས་16ཉིན། ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་གྲོང་ཁྱེར་གློག་ཤུགས་ལྕགས་ལམ་ཐོག་མ་སྟེ་ཧ་སག་སི་ཐན་གྱི་ཨ་སི་ཐ་ནའི་གློག་ཤུགས་ལྕགས་ལམ་གྱི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ལམ་ཐིག་དེ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་ཆ་ཚང་རང་འགུལ་ཡིན་པའི་མི་མེད་རིག་ནུས་ལྕགས་ལམ་གྱི་འགྲིམ་འགྲུལ་ལམ་ཐིག་དང་པོ་དེ་རེད། རྣམ་གྲངས་དེ་ནི་ཀྲུང་གོ་འཛུགས་སྐྲུན་ཅུས་དྲུག་པས་གཙོ་འགན་ཁུར་ནས་བསྐྲུན་པ་དང་། ཚང་མ་ཀྲུང་གོའི་ལག་རྩལ་དང་། ཀྲུང་གོའི་ཚད་གཞི། ཀྲུང་གོའི་སྒྲིག་ཆས་སྤྱད་ནས་བསྐྲུན་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།