ཁ་མེ་རོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཡ་ཝུན་ཏེ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉིན་ཤས་གོང་། ཁ་མེ་རོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི(ཧྲན་ཤིས)སྨན་བཅོས་རུ་ཁག་ཁག་25པས་ཁ་མེ་རོང་དབུས་རྒྱུད་ཀྱི་ཁུལ་ཆེན་ཨ་ཡེ་སིར་བསྐྱོད་ནས་དུས་ཡུན་ཉིན་གཉིས་ཀྱི“རུ་ཁག་བརྒྱ་གྲོང་ཚོ་སྟོང་དུ་སྐྱོད་པའི”བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད།
ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་དཔོན་ལིའུ་ཧྲེང་པིན་གྱིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྨན་པའི་ཐོག་མའི་བསམ་འདུན་མ་བརྗེད་པར་ཀྲུང་ཧྥེའི་མཛའ་གྲོགས་བརྒྱུད་སྤྲོད་བྱ་ཆེད་ཡིན་པ་དང་། སྨན་བཅོས་རུ་ཁག་གིས་སྨན་བཅོས་ཀྱི་ལག་རྩལ་རྩེར་སོན་ལ་བརྟེན་ནས། དམངས་ཀྱི་དཀའ་ངལ་སེལ་བ་དང་། མི་སེམས་འགུལ་བའི་ཞབས་ཞུར་བརྟེན་ནས་བརྩེ་བ་བརྒྱུད་སྤྲོད་བྱེད་པ། ས་གནས་དེ་གའི་དམངས་ཚོགས་ཀྱིས་སྨན་པ་བསྟེན་དཀའ་བའི་དཀའ་གནད་སེལ་བ་བཅས་བྱས་ཏེ། སྨན་བཅོས་རོགས་སྐྱོར་བརྒྱུད་ཀྲུང་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་བརྩེ་བ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།