2026ལོའི་རྒྱལ་སྤྱིའི་ལང་ཚོའི་སྙན་ངག་འདུ་ཚོགས(ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ཆེད་ཚོགས)མཇུག་འགྲིལ་བ།
དུས་ཡུན་ཉིན་10བརྒྱུད། ཀོང་ཀྲོའུ་དང་། ཧྲེན་ཀྲེན། པེ་ཅིང་བཅས་ཡུལ་ལུང་གསུམ་བརྒལ་བའི་2026ལོའི་རྒྱལ་སྤྱིའི་ལང་ཚོའི་སྙན་ངག་འདུ་ཚོགས(ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ཆེད་ཚོགས)ཟླ་5ཚེས་17ཉིན་པེ་ཅིང་དུ་མཇུག་འགྲིལ་བ་རེད།
ད་རེས་ཀྱི་སྙན་ངག་འདུ་ཚོགས་ནི་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་དང་། ཀྲུང་གུང་ཀོང་ཏུང་ཞིང་ཨུད་དྲིལ་བསྒྲགས་པུའུ། ཀྲུང་གུང་པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེ་ནི་2024ལོར་རྒྱལ་སྤྱིའི་ལང་ཚོའི་སྙན་ངག་འདུ་ཚོགས་གཉེར་ཚུན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ལ་ཐོག་མར་དམིགས་པའི་ཆེད་ཚོགས་བྱེད་སྒོ་ཞིག་རེད། བྱེད་སྒོ་སྤེལ་རིང་། ཨ་རབ་ཀྱི་རྒྱལ་ཁབ་13དང་ཀྲུང་གོ་ནས་ཡོང་བའི་ན་གཞོན་སྙན་ངག་པ་དང་། མཁས་དབང་། ལོ་ཙཱ་བ་བཅས་ཀྱིས་སྙན་ངག་ལ་བརྟེན་ནས་གྲོགས་པོ་ལྷན་འཛོམས་བྱས་ཏེ། སྙན་ངག་གྱེར་འདོན་དང་། རིག་གཞུང་གླེང་མོལ། རིག་གནས་ལྟ་སྐོར་སོགས་ཀྱི་བྱེད་སྒོ་20ལྷག་ཙམ་སྤེལ་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལང་ཚོའི་ལེ་ཚན་མུ་མཐུད་བརྩམས་པ་རེད།
ཚོགས་ཞུགས་སྐུ་མགྲོན་གྱིས་ད་རེས་ཀྱི་སྙན་ངག་འདུ་ཚོགས་ལས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ན་གཞོན་སྙན་ངག་པ་ཚོས་ཕན་ཚུན་གྱི་སྙན་ངག་ཤེས་རྟོགས་བྱས་པ་མ་ཟད། ད་དུང་ཐུན་མོང་གི་རིག་གནས་བག་ཆགས་ཀྱང་འཇོག་ཐུབ་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།