2026ལོའི་ཐེན་ཅིན་གྲོང་ཁྱེར་གྱི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མའི་རིག་རྩལ་འགྲེམས་འཁྲབ་གཉེར་བ།

ཟླ་5ཚེས་16ཉིན། “ངོ་མཚར་ཆེ་བའི་ཐེན་ཅིན། རིག་གནས་སྣ་མང་མཉམ་འདུས”ཞེས་པའི་2026ལོའི་ཐེན་ཅིན་གྲོང་ཁྱེར་གྱི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མའི་རིག་རྩལ་འགྲེམས་འཁྲབ་དང་ཐེན་ཅིན་སློབ་ཆེན་གྱི་རྒྱལ་སྤྱིའི་རིག་གནས་དུས་ཆེན་སྐབས་བཅུ་དྲུག་པ་ཐེན་ཅིན་སློབ་ཆེན་ཝེ་ཅིན་ལམ་སློབ་ཁུལ་གྱི་པེ་དབྱང་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། རིག་རྩལ་འཁྲབ་སྟོན་བྱེད་མཁན་ནི་རྒྱལ་ཁབ་བཅུ་གྲངས་ཁ་ཤས་ནས་ཡོང་བའི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མ་ཡིན་ཞིང་། ཐེན་ཅིན་གྱི་མཐོ་སློབ་20ལྷག་ཙམ་གྱི་ཀྲུང་ཕྱིའི་དགེ་སློབ་ཆིག་སྟོང་ལྷག་ཞུགས་ཡོད་པ་དང་རྒྱལ་ཁབ་80ཙམ་གྱི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མ་1500ལྷག་ཙམ་ལྟད་མོ་ལྟ་བར་སླེབས་ཡོད།
འདི་ནི་ཟླ་5ཚེས་16ཉིན་ཐེན་ཅིན་གྲོང་ཁྱེར་གྱི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མའི་རིག་རྩལ་འགྲེམས་འཁྲབ་བྱ་ཡུལ་དུ་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མས་འཁྲབ་སྟོན་ཚར་རྗེས་དྲན་རྟེན་པར་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།