མངག་སྐྱེལ་མཁན་ལ་ལུས་རྩལ་འགྲན་ཚོགས་ཤིག་གཉེར་བ།

འདི་ནི་ཁྲེང་ཏུའི་མངག་སྐྱེལ་མཁན་གྱི་ལུས་རྩལ་འགྲན་ཚོགས་གཉེར་ཡུལ་དུ་བདམས་ཐོན་པས་སྤྲོ་འཕེལ་ལུས་རྩལ་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་ཁྲེང་ཏུའི་མངག་སྐྱེལ་མཁན་གྱི་ལུས་རྩལ་འགྲན་ཚོགས་གཉེར་ཡུལ་དུ་བདམས་ཐོན་པས་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ།
ཤུ་སྒྲ་གསལ་ཞིང་དགོད་སྒྲ་ལྷང་ལྷང་གྲགས་པ་དང་སྦྲགས་སི་ཁྲོན་ཁྲེང་ཏུའི་ཅིན་ཅང་ལུས་རྩལ་སྤྱི་གླིང་དུ་གསོན་ཤུགས་རབ་ཏུ་འཕེལ། ཉེ་ཆར། 2026ལོའི་ཁྲེང་ཏུའི་མངག་སྐྱེལ་མཁན་གྱི་ལུས་རྩལ་འགྲན་ཚོགས་གཉེར་ཞིང་མངག་སྐྱེལ་མཁན་དང་མྱུར་སྐྱེལ་བ་800ལྷག་ཙམ་གྱིས་དེ་གར་རྩལ་འགྲན་ནས་ལུས་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱད་པ་རེད།
འགྲན་བསྡུར་གྱི་རྣམ་གྲངས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་ཅིང་། རྐང་འཁོར་བཞོན་པ་དང་། རྐང་རྩེད་སྤོ་ལོ་རྒྱག་པ། ཕིང་ཕང་སྤོ་ལོ་དང་བྱ་སྒྲོའི་སྤོ་ལོ་རྒྱག་པ། མཆོང་རྒྱུག་འཕེན་གསུམ་འགྲན་པ། གློག་རྡུལ་རོལ་རྩེད་རྩེ་བ། མི་མེད་གནམ་གྲུའི་རྐང་རྩེད་སྤོ་ལོ་རྒྱག་པ་སོགས་ཀྱི་རྣམ་གྲངས་ཚུད་ཡོད།
ལོ་གཅིག་རིང་ཁྲེང་ཏུར་རིམ་རྩིས་བརྒྱབ་ན་མངག་ཚོང་དང་མྱུར་སྐྱེལ་སོགས་ཁེ་ལས་ཀྱི་རིགས་ཁག་གི་ལུས་རྩལ་བྱེད་སྒོ་ཐེངས་100ལྷག་ཙམ་གཉེར་བར་མི་ཐེངས་ཁྲི་4ལྷག་ཙམ་ཧུར་སེམས་ཆེན་པོས་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།