ལྷ་གྲུ་ཨང་ཉེར་གསུམ་པའི་འཕུར་གྲུ་སྡེབ་སྒྲིག་མ་འཕེན་གཏོང་ཁུལ་དུ་དབོར་བ།
ཉེ་ཆར་གོ་སྐབས་བཙལ་ཏེ་འཕེན་གཏོང་བྱ་རྩིས་ཡོད་པ།
པེ་ཅིང་གི་དུས་ཚོད་ཟླ་5ཚེས་16ཉིན། ལྷ་གྲུ་ཨང་ཉེར་གསུམ་པའི་མི་བཞུགས་འཕུར་གྲུ་དང་རྒྱང་སྐྱོད་ཨང་གཉིས་པའི་Fརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཉེར་གསུམ་པའི་སྡེབ་སྒྲིག་མ་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས་པ་རེད།
མིག་སྔར་འཕེན་གཏོང་བྱ་ཡུལ་གྱི་སྒྲིག་བཀོད་དང་སྒྲིག་ཆས་ཡག་པོ་ཡོད་པ་དང་རྗེས་སུ་འཆར་གཞི་ལྟར་འཕེན་གཏོང་མ་བྱས་གོང་གི་ནུས་པ་ཁག་ལ་ཞིབ་བཤེར་དང་མཉམ་འབྲེལ་ཚད་ལེན་ཚོད་ལྟ་སོགས་ཀྱི་ལས་དོན་སྤེལ་ནས་ཉེ་ཆར་གོ་སྐབས་བཙལ་ཏེ་འཕེན་གཏོང་བྱ་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།