དམངས་སྲིད་པུའུ་སོགས་སྡེ་ཚན་གྱིས།
《ཕྱོགས་སྐྱོད་བྱིས་པར་གནས་སྡོད་བྱ་ཡུལ་དུ་གཅེས་སྐྱོང་ཞབས་ཞུ་ལོངས་སུ་སྤྱོད་པའི་རྨང་གཞིའི་གསལ་ཐོའི་ལས་དོན་གནད་བསྡུས》བཀྲམ་པ།
གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། དམངས་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《ཕྱོགས་སྐྱོད་བྱིས་པར་གནས་སྡོད་བྱ་ཡུལ་དུ་གཅེས་སྐྱོང་ཞབས་ཞུ་ལོངས་སུ་སྤྱོད་པའི་རྨང་གཞིའི་གསལ་ཐོའི་ལས་དོན་གནད་བསྡུས》བཀྲམ་སྟེ། ཕྱོགས་སྐྱོད་བྱིས་པ་གནས་སྡོད་བྱ་ཡུལ་དུ་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་བཏང་ནས། ཕྱོགས་སྐྱོད་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་པ་རེད།
ལས་དོན་འདྲེན་བྱང་དེ་ཕྱོགས་སྐྱོད་བྱིས་པའི་ཁེ་དབང་འགན་སྲུང་བྱེད་པའི“སྤྱོད་གོ་ཆོད་པའི་ལག་དེབ”ཅིག་དང་གཉིས་སུ་མེད་ཅིང་། དེའི་ནང་འབྲེལ་ཡོད་སྡེ་ཚན་གྱིས“བྱིས་པར་སྐྱོང་མཁན་ཡོད་པ”དང་། “སྦྱོང་དུས་སློབ་མཁན་ཡོད་པ” “ན་དུས་སྨན་བཅོས་ཐུབ་པ” “སྡོད་སའི་ཁང་པ་ཡོད་པ” “ཉམ་ཆུང་སྐྱོར་མཁན་ཡོད་པ”སོགས་ཐད་ཀྱི་འགན་འཁྲིའི་ལས་བགོས་དང་ལས་ཀའི་བླང་བྱ་ཁ་གསལ་བཏོན་པ་དང་ཆབས་ཅིག ཕྱོགས་སྐྱོད་བྱིས་པ་དང་དེའི་ཁྱིམ་བདག་གིས་ལོངས་སྤྱོད་ཆོག་པའི་ཞབས་ཞུའི་རྣམ་གྲངས་དང་ནང་དོན་ཤེས་རྟོགས་ཐུབ་པར་བྱས་ཡོད། ལས་དོན་འདྲེན་བྱང་དེ་དམངས་སྲིད་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་དེ་ལྟ་ཀློག་བྱེད་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།