དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རྒྱལ་ཡོངས་སུ་ལྗང་མདོག་ལག་ཁྱེར་དུང་ཕྱུར་9.30ཉོ་ཚོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-20

    ཉེ་ཆར། 《ཀྲུང་གོ་ལྗང་མདོག་གློག་ཤུགས་ལག་ཁྱེར་འཕེལ་རྒྱས་སྙན་ཞུ(2025)》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུ་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར། རྒྱལ་ཡོངས་སུ་ལྗང་མདོག་ལག་ཁྱེར་དུང་ཕྱུར་29.47དཔྱད་སྤྲོད་བྱས་པའི་ནང་ཉོ་ཚོང་བྱེད་ཆོག་པའི་ལྗང་མདོག་ལག་ཁྱེར་དུང་ཕྱུར་18.93ཟིན་ཡོད། རྣམ་གྲངས་ཀྱི་རིགས་ལྟར་དབྱེ་ན། རྒྱུན་གཏན་གྱི་ཆུ་གློག་དང་། རླུང་ཤུགས་གློག་གཏོང་། ཉི་ནུས་གློག་གཏོང་། དེ་བཞིན་སྐྱེ་ལྡན་དངོས་པོའི་གློག་གཏོང་བཅས་ཀྱི་རྣམ་གྲངས་ནི་སྔར་རྒྱུན་བཞིན་ལྗང་མདོག་ལག་ཁྱེར་དཔྱད་སྤྲོད་ཀྱི་གཙོ་ཤུགས་ཡིན། 2025ལོར་ལྗང་མདོག་ལག་ཁྱེར་དཔྱད་སྤྲོད་བྱེད་མང་བའི་ཞིང་ཆེན(རང་སྐྱོང་ལྗོངས)5ནི་ཡུན་ནན་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཧུའུ་པེ་ཞིང་ཆེན་བཅས་ཡིན་པ་དང་། ལྗང་མདོག་ལག་ཁྱེར་དཔྱད་སྤྲོད་བྱེད་ཚད་དུང་ཕྱུར་1.3ལྷག་ཙམ་ཟིན་ཞིང་། ཞིང་ཆེན(རང་སྐྱོང་ལྗོངས)5ཚང་མ་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པའི་ས་ཁུལ་ཡིན་པ་དང་། བསྡོམས་རྩིས་བརྒྱབ་ན། དཔྱད་སྤྲོད་བྱས་པའི་ལག་ཁྱེར་གྱི་གྲངས་འབོར་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་45.25%བཟུང་ཡོད་པ་རེད།

    ཉོ་ཚོང་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཅིང་། 2025ལོར། རྒྱལ་ཡོངས་སུ་ལྗང་མདོག་ལག་ཁྱེར་དུང་ཕྱུར་9.30ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་ལྡབ་1.08འཕར་བའི་ནང་ལྗང་མདོག་ལག་ཁྱེར་ཁོ་ན་དུང་ཕྱུར་6.80ཉོ་ཚོང་བྱས་པ་དང་ལྗང་མདོག་གློག་ཤུགས་ཀྱི་ལྗང་མདོག་ལག་ཁྱེར་དུང་ཕྱུར་2.50ཉོ་ཚོང་བྱས་ཡོད། 2025ལོའི་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་ལྗང་མདོག་ལག་ཁྱེར་དུང་ཕྱུར་14.83ཉོ་ཚོང་བྱས་པ་དང་དེའི་ནང་ལྗང་མདོག་ལག་ཁྱེར་ཁོ་ན་དུང་ཕྱུར་9.95དང་ལྗང་མདོག་གློག་ཤུགས་ཀྱི་ལྗང་མདོག་ལག་ཁྱེར་དུང་ཕྱུར་4.88ཉོ་ཚོང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།