ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་5བཀོད་སྒྲིག་བྱས་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་ཁྲི་4.1ལ་རྒྱབ་སྐྱོར་བྱས་པ།
གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་དབྱང་ནོར་སྲིད་ཀྱིས་མུ་མཐུད་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5བཏང་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་ཁྲི་4.1ལ་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་དང་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་པ་རེད།
2025ལོ་ནས་2026ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱོན་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་ནས། ས་གནས་ཀྱིས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭའི་སྦྱོང་བརྡར་དང་འགྲན་ནུས་ཆེ་རུ་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཡོད། གོམ་སྟབས་རྗེས་མར། ནོར་སྲིད་པུས་ས་གནས་ལ་གཏོང་སྒོའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བར་ཁྲིད་སྟོན་བྱས་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭས་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་དང་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་རྐང་རྩེད་སྤོ་ལོའི་ཤེས་ལྡན་པ་འདེམས་སྒྲུག་དང་གསོ་སྐྱོང་ལ་རམ་འདེགས་བྱས་ཏེ། རྐང་རྩེད་སྤོ་ལོ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།