གྲ་ནང་རྫོང་གིས།
སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་དང་དུས་བདེ་འཛུགས་སྐྲུན་གཏིང་ཟབ་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ།
ཉེ་ཆར། གྲ་ནང་རྫོང་གིས“དུས་བདེའི་གྲ་ནང་མཉམ་སྐྲུན་བྱེད། སྐྱིད་པའི་འཚོ་བ་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཟླ་བ་གསུམ་པའི་ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་དུས་བདེའི་འཛུགས་སྐྲུན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད།
བྱེད་སྒོ་སྤེལ་རིང་། འཕྲེད་ཡིག་འགེལ་བ་དང་། དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་བཅའ་ཁྲིམས་བློ་འདྲི་སྟེགས་བུའང་བཙུགས་ནས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་བཅའ་ཁྲིམས་ཞབས་ཞུའི་མི་སྣས་ངོ་ཐུག་གདོང་འཕྲད་ཀྱིས་དོགས་གནད་སེལ་བ་དང་བཅའ་ཁྲིམས་ཀྱི་ཁྲིད་སྟོན་བྱས་ཏེ་ཁྲིམས་སྐྱོང་ཤེས་བྱ་མང་ཚོགས་ཀྱིས་ཤེས་ཐུབ་པར་བྱས་ཡོད།
བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་མང་ཚོགས་མི་ཐེངས་1500ལྷག་ཙམ་ལ་དྲིལ་བསྒྲགས་དཔྱད་ཡིག་600ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་500ལྷག་ཙམ་སྤྲད་པ་དེ་དག་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)ཁག་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།