དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས།

    ཨར་སྐྲུན་གད་སྙིགས་དབོར་འདྲེན་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-20

    ཉིན་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་འདོམས་བཀོད་སྒྲིག་དང་གོང་འོག་མཉམ་འགུལ་བྱས་ཏེ། རྫོང་དང་ཆུས་ཁག་སྒྲིག་འཛུགས་བྱས་ནས་ཨར་སྐྲུན་གད་སྙིགས་དབོར་འདྲེན་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཞིང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འགག་རྩའི་དུས་མཚམས་ཀྱི་ཨར་སྐྲུན་གད་སྙིགས་དབོར་བའི་ཟང་ཟིང་སྣང་ཚུལ་ལ་དམིགས་ནས་དབོར་འདྲེན་སྒྲིག་ལམ་ལ་དོ་དམ་ནན་པོ་དང་ཚོད་འཛིན་ནན་པོ་བྱས་ཏེ། གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

    ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་སྐབས“ཁྱོན་ཡོངས་ལ་ཁྱབ་པ་དང་། གྲལ་བཤེར་ནན་པོ། བཅོས་སྒྲིག་ལ་མཐོང་ཆེན”བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་ཁྲེང་ཀོན་ཆུས་གཙོ་གནད་དཔེ་སྟོན་དུ་བྱས་ནས། བྱང་སྐོར་ལམ་རྒྱུད་དང་གཙོ་གནད་ལས་ཡུལ་མཐའ་འཁོར་སོགས་ལྟེ་བའི་ས་ཁོངས་ལ་དམིགས་པ་དང་། དབོར་འདྲེན་འགྲོ་ལུགས་ལུགས་མཐུན། དབོར་འདྲེན་ལམ་ཐིག་ཚད་ལྡན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། གད་སྙིགས་ལམ་རྒྱུད་དུ་བཤོ་བ་དང་། ལག་ཁྱེར་མེད་པར་དབོར་འདྲེན། གང་བྱུང་དུ་སྤུངས་པ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལྟ་འདོམས་ལམ་སྲོལ་བཙུགས་ནས། དུས་ངེས་མེད་དང་གནས་གཏན་འཁེལ་མེད་པའི་སྐོར་སྐྱོད་སྐོར་ཞིབ་བྱ་ཐབས་སྤྱོད་པ་དང་། དབོར་འདྲེན་བྱེད་མང་བའི་དུས་སུ་ཞིབ་བཤེར་བྱེད་ཐེངས་མང་དུ་གཏོང་བ། བཅོས་སྒྲིག་གི་ཕན་འབྲས་རྒྱུན་མཐུད་བརྟན་དུ་གཏོང་བ་བཅས་བྱས་ཏེ། གནད་དོན་ཡང་བསྐྱར་མ་ཐོན་སྔོན་འགོག་བྱ་རྒྱུ་རེད། ཆེད་དོན་བཅོས་སྒྲིག་དང་རྒྱུན་རྣམ་གྱི་ལྟ་འདོམས་ཟུང་འབྲེལ་བྱས་ནས་ཨར་སྐྲུན་གད་སྙིགས་དབོར་འདྲེན་གྱི་སྒྲིག་ལམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རམ་འདེགས་བྱེད་པ་དང་། གཙང་ཞིང་གྲལ་འགྲིག་པ་དང་། བདེ་འཇགས་ལྡན་པ། གོ་རིམ་ལྡན་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། མང་ཚོགས་ཕྱིར་སྐྱོད་ཀྱི་བདེ་འཇགས་འགན་ལེན་དང་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་ཏན་ཏིག་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།