“ཀྲུང་གོ་ལྟ་ཀློག་དང་ཀྲུང་གོ་མྱོང་རོལ”གྱི་ས་གནས་བཞིའི་མཉམ་འགུལ་གྱེར་འདོན་འདུ་ཚོགས་བདེ་བླག་ངང་གཉེར་བ།
ཉེ་ཆར། “ཀྲུང་གོ་ལྟ་ཀློག་དང་ཀྲུང་གོ་མྱོང་རོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ས་གནས་བཞིའི་མཉམ་འགུལ་གྱེར་འདོན་འདུ་ཚོགས་བདེ་བླག་ངང་འཚོགས་པ་རེད། བྱེད་སྒོ་དེ་པེ་ཅིང་དང་། ལྷ་ས། ཤིས་ཨན། ཡན་ཨན་བཅས་ཡན་ལག་ཚོགས་ར་ཆེན་པོ་བཞིར་འཚོགས་པ་དང་གྱེར་འདོན་འབྲེལ་ཐག་ཏུ་བྱས་ནས་རྒྱ་ཆེའི་ཀློག་པ་པོར་རིག་དཔལ་དར་བ་དང་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་གཅིག་ཏུ་འདུས་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།
ས་གནས་བཞི་མཉམ་འགུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་ཡན་ལག་ཚོགས་ར་དེ་མའོ་ཀྲུའུ་ཞིའི་སྐུ་འདྲའི་རྟགས་མ་རྟེན་མཛོད་ཁང་དུ་བཙུགས་ཡོད། དཔེ་ཀློག་ལ་དགའ་པོ་ཡོད་མཁན་རྣམས་མཉམ་དུ་འཛོམས་ནས་སྐབས་བསྟུན་ཐད་སྦྲེལ་བརྒྱུད་ས་གནས་གསུམ་གྱི་དཔེ་གྲོགས་ཚོ་དང་མཉམ་འགུལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ཡན་ལག་ཚོགས་ར་ཕུད། དེ་མིན་གྱི་པེ་ཅིང་དང་། ཤིས་ཨན། ཡན་ཨན་བཅས་ས་གནས་གསུམ་གྱི་བཀྲག་མདངས་འཚེར་སའང་མངོན་གསལ་དོད་པོ་ཡོད་པ་རེད། པེ་ཅིང་གིས་ཀོང་ནེ་ཁྲོམ་གཞུང་རིག་གནས་ལྟེ་གནས་ལ་བརྟེན་ཏེ་མང་ཚོགས་དང་ཉེ་བཅར་གྱི་ལྟ་ཀློག་བྱེད་ས་གཏོད་པ་དང་། ཤིས་ཨན་གྱིས་སྲོལ་རྒྱུན་རྒྱན་གོས་རིག་གནས་དེ་གྱེར་འདོན་སྒྱུ་རྩལ་དང་མཉམ་འདྲེས་ནུས་ལྡན་བྱེད་པ། ཡན་ཨན་གྱིས་གསར་བརྗེའི་རིག་རྒྱུན་ལ་དམིགས་ཏེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་གི་བསམ་བློའི་ནང་དོན་ཟབ་མོ་མངོན་པ་བཅས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ས་གནས་བཞི་མཉམ་འགུལ་གྱི་གྱེར་འདོན་འདུ་ཚོགས་སུ་གྱེར་འདོན་ལེ་ཚན་རྩེ་གྲ་38བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་དྲ་ཐོག་ནས་ལེ་ཚན་24ཐད་སྦྲེལ་བྱས་པ་དང་ས་ཆ་དངོས་སུ་ལེ་ཚན་14ངོམ་སྟོན་བྱས་ཤིང་། ལེ་ཚན་ཚང་མ་ལོ་རྒྱུས་ཀྱི་འབྱུང་རྩ་དང་དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་ལམ་ལ་ཕྱིར་ལྟ་བྱས་པ་མ་ཟད། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རྣམ་པར་ཡང་བསྟོད་གླུ་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།