དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བའི་སློབ་གསོར་སྤྱི་འདོམས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-20

    ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱིས“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས‘ལོ་ལྔ་ཚན་བཅོ་ལྔ་པའི’རྒྱང་ལམ་གསར་པ་ཕྱར་བ་གྲུ་འདེགས་བྱེད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་གཞི་རིམ་དུ་ཁྱབ་གདལ་དང་མི་སེམས་སུ་ཟུག་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    ལས་དོན་སྤེལ་རིང་ལྷ་ས་གྲོང་ཁྱེར་གྱིས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས” བཅས་ཀྱི་དོན་ཆེན་བཞིར་དམིགས་པ་དང་། མཐའ་མཚམས་བདེ་འཇགས་ཀྱི་ནུས་པ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། མཐའ་མཚམས་ས་ཁུལ་གྱི་མཐའ་བརྟན་དང་མཐའ་དར་གྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་བྱས་ནས་མཐའ་མཚམས་བདེ་འཇགས་ཀྱི་འགོག་རགས་བརྟན་དུ་བཏང་བ་རེད།

    དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་ཏང་གི་སློབ་གྲྭའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་འཐབ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ཏེ“རིག་གནས་ལ་བརྟེན་ནས་བླ་སྲོག་གཏོད་པའི”འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཟླ་རེར་འཆད་ཁྲིད”ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང“སྲུང་སྐྱོང་བུམ་པའི”དྲིལ་བསྒྲགས་སློབ་གསོའི་དྲག་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོར་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དེ་ཏང་ཡོན་ལས་བྱེད་པའི་སློབ་ཁྲིད་གསོ་སྦྱོང་ནང་ཁྱབ་པར་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་ཨུད་ཏང་གི་སློབ་གྲྭས་གསར་བརྗེའི་སློབ་གསོའི་ཐོན་ཁུངས་གང་ལེགས་སྤྱད་དེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དེ་ཏང་གཤིས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་མང་ཚོགས་དང་འཚམ་པར་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འགོག་རགས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།