སྤྱི་ཚོགས་རོགས་སྐྱོབ་སྲིད་བཟང་ལས། ཉམས་ཆུང་ཚོགས་སྤྱིའི་སེམས་པ་དྲོས།
——ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་ཡོང་འབབ་དམའ་བའི་ཚོགས་སྤྱིའི་དུད་ཚང་གི་བསྐྱར་ཞིབ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ཉི་འོད་རབ་ཏུ་འཚེར་བའི་ཀུན་བདེ་གླིང་ཁྲོམ་གཞུང་གི་སྲང་ལམ་དུ་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ལས་དོན་པ་ཚེ་རིང་སྒྲོལ་དཀར་གྱིས་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ཡིན་པའི་ཨ་མ་སྒྲོལ་མའི་ཁྱིམ་དུ་བསྐྱོད་དེ་རྒན་མོའི་འཚོ་བའི་གནས་ཚུལ་སྐོར་སླར་ཡང་བསྐྱར་ཞིབ་བྱས།
སྤྱི་ཚོགས་རོགས་སྐྱོབ་ཀྱི་ནུས་པ་བཏོན་པ།
སྤྱི་ཚོགས་རོགས་སྐྱོབ་གནད་སྨིན་བྱ་རྒྱུ་ནི་སྲོག་རྩ་ལྟ་བུ་ཡིན། དེ་སྔ་རོགས་སྐྱོབ་ཞིབ་བཤེར་བྱེད་སྐབས་ཆ་འཕྲིན་ཁ་གསལ་མ་བྱུང་བའི་རྐྱེན་གྱིས་ནོར་འཛོལ་ཡང་སེ་ཡོང་གི་ཡོད། ད་ཆ་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས“བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ལས་སྟེགས”ལ་བརྟེན་ནས་གྲངས་གཞི་ཁ་གསལ་ཡོང་བ་བྱེད་ཀྱི་ཡོད། དམངས་སྲིད་ཅུས་སྤྱི་ཚོགས་རོགས་སྐྱོབ་ཁོའོ་རུ་སྐྱོད་སྐབས་ལས་དོན་པས་དཔལ་འབྱོར་གནས་ཚུལ་གྱི་ཞིབ་བསྡུར་སྙན་ཞུ་རེ་རེར་ཞིབ་དཔྱད་བྱེད་བཞིན་འདུག བརྙན་ཤེལ་ནས་རླངས་འཁོར་དང་། སྤྱི་ཚོགས་འགན་བཅོལ། ཁང་པའི་བདག་དབང་། བཟོ་ཚོང་ཐོ་འགོད། དངུལ་བཅོལ་ལེན་སོགས་ཀྱི་ཆ་འཕྲིན་མངོན་ཞིང་། མིག་སྔའི་བར། ཁྲེང་ཀོན་ཆུས་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པ། ཡོང་འབབ་དམའ་བ་བཅས་ཀྱི་དུད་ཚང་1605ཡི་ལོ་འཁོར་གྱི་དཔལ་འབྱོར་གནས་ཚུལ་ལ་ཞིབ་དཔྱད་བྱེད་པའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་གྱི་ཞིབ་བསྡུར་སྙན་ཞུ་358གཏན་འཁེལ་བྱུང་ཡོད།
“སྤྱི་ཚོགས་རོགས་སྐྱོབ་ཀྱི་བྱ་བ་ཞིག”གནད་སྨིན་བསྒྲུབས་པས། རོགས་སྐྱོབ་ཆ་འཕྲིན་སྡེ་ཚན་བརྒལ་ནས་སྐྱེལ་བའི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཆ་འཕྲིན་ཞིབ་བསྡུར་གནད་སྨིན་དང་མགྱོགས་མྱུར་སྐྱེལ་ཐུབ་ནས་མང་ཚོགས་ལ་དུས་ཐོག་ཏུ་སྐྱོབ་གསོའི་དངུལ་རག་ནས་སྲིད་ཇུས་དོན་འཁྱོལ་གནད་སྨིན་ཐུབ་ཡོད།
དྲང་གཞག་ཁྲོད་ནས་དྲོ་སྐྱིད་ཚོར་བ།
ཞིབ་བཤེར་གནད་སྨིན་གྱི་དམིགས་ཡུལ་ནི་རོགས་སྐྱོབ་གནད་སྨིན་བྱ་ཆེད་རེད། ཀུན་བདེ་གླིང་ཁྲོམ་གཞུང་དང་ཀརྨ་དགོན་གསར་ཁྲོམ་གཞུང་དུ་དམངས་སྲིད་ཅུས་ཀྱིས་ཁྲོམ་གཞུང་གི་ལས་དོན་པ་དང་མཉམ་དུ་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པ། ཡོང་འབབ་དམའ་བ་བཅས་ཀྱི་དུད་ཚང་67ལ་བསྐྱར་ཞིབ་ཚགས་ཚུད་བྱས་ཤིང་། དུད་ཚང་ཚང་མར་བསྐྱོད་ནས་གནས་ཚུལ་ཚང་མ་ཤེས་རྟོགས་བྱ་རྒྱུ་ནི་ལས་དོན་ཚོགས་ཆུང་གི་འགན་འཁྲི་རེད།
མིག་སྔར། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང་1གི་མི་1དང་། ཡོང་འབབ་དམའ་བའི་དུད་ཚང་1གི་མི་3 མ་མཐའི་འཚོ་བ་འགན་ལེན་དུད་ཚང་6གི་མི་7བཅས་ཀྱི་ཐོ་བསུབ་པ་དང་། དུད་ཚང་4ཡི་མི་5ཡི་སྐྱོབ་གསོའི་དངུལ་ལེགས་སྒྲིག་དང་མ་མཐའི་འཚོ་བ་འགན་ལེན་དུད་ཚང་1གི་མི་5ཁ་སྣོན་བརྒྱབ་པ་རེད། “དུད་ཚང་རེར་ཡིག་ཚགས་རེ”ཚད་ལྡན་བཟོས་པ་དང་རོགས་སྐྱོབ་ཆ་འཕྲིན་གསར་བརྗེས་བྱས་པར་བརྟེན་ཡོང་འབབ་དམའ་བའི་མི་འབོར་གྱི་ལྟ་ཞིབ་ཚད་ལེན་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། དབུལ་ལོག་དང་དབུལ་ཕོངས་འགོག་པའི་འགོག་རགས་གནད་སྨིན་ཞིབ་བཤེར་ཁྲོད་སྔར་བས་བརྟན་དུ་ཕྱིན་ཡོད།
རོགས་སྐྱོར་གྱི་བྱེད་ཐབས་མང་བ།
རོགས་སྐྱོབ་ནི་དཔལ་འབྱོར་རོགས་རམ་ཁོ་ན་མིན། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་འཚོལ་ཞིབ་བྱེད་བཞིན་པའི“དངོས་པོ་དང་ཞབས་ཞུའི”སྣ་མང་རོགས་སྐྱོབ་བྱེད་ཐབས་ལས་དཀའ་ངལ་ཡོད་པའི་མང་ཚོགས་ཚོས་དྲོ་སྐྱིད་དེ་བས་ཆེ་བ་ཚོར་ཞིང་། ད་ལོའི་ལོ་འགོར། དཀའ་ངལ་ཡོད་པའི་མང་ཚོགས་15ལ་གནས་སྐབས་སྐྱོབ་གསོའི་དངུལ་སྒོར་ཁྲི་4.4རག་ནས་འཚོ་བའི་དཀའ་ངལ་ཐག་གཅོད་ཐུབ་ཡོད།
ལས་དོན་ཙག་ཙིག་ཁྲོད་ནས་དྲོ་སྐྱིད་ཆེན་པོ་ཚོར། དམངས་སྲིད་ཅུས་ཀྱིས་སྤྱི་ཚོགས་ལས་དོན་སྒྲིག་གཞི་དང་མཉམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁམས་སློབ་གསོ་དང་ལྟ་སྐྱོང་བྱེད་པ་སོགས་ཀྱི་ཆེད་དོན་ཞབས་ཞུའི་ལས་དོན་སྤེལ་བ་མ་ཟད། དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་ལས་སྒོ་གཉེར་བ་དང་སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་ལས་སྟེགས་བཀོལ་སྤྱོད་གསོ་སྦྱོང་བྱས་པར་བརྟེན། རོགས་སྐྱོབ་ཞབས་ཞུའི་ལས་ཕྱོད་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་གཅིག་སྡུད་བཅོས་སྒྲིག་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་རང་བཤེར་རང་བཅོས་དང་ཞན་ཆའི་ལྷུ་ཚིགས་ལ་གནད་སྨིན་བཅོས་སྒྲིག་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད།
དེ་བས་དགའ་འོས་པ་ཞིག་ནི་མང་ཚོགས་ཚོས་སྲིད་ཇུས་མང་པོ་ཤེས་རྟོགས་ཐུབ་ཡོད། ཚལ་གུང་ཐང་ཁྲོམ་གཞུང་གི“དམངས་སྲིད་སྲིད་ཇུས་ཀུན་ལ་དྲིལ་བསྒྲགས་བྱེད། ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་ངེས”ཞེས་པའི་སྒྲོག་འགྲེལ་བྱ་ཡུལ་དུ་མང་ཚོགས་ཚོས་སྒྲོག་འགྲེལ་པའི་མཐའ་ནས་སྐོར་ཏེ་དོགས་གཞི་འདྲི་བཞིན་འདུག སྒྲོག་འགྲེལ་ཐེངས་20བྱས་པར་དཀའ་ངལ་ཡོད་པའི་མང་ཚོགས་2000ལྷག་ཙམ་ཞུགས་པས་མང་ཚོགས་ཀྱི་མོས་སེམས་ཆེ་རུ་ཕྱིན་ཡོད།
ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་གནད་སྨིན་གྱི་གྲངས་གཞི་དང་། དྲོ་སྐྱིད་ལྡན་པའི་ཞབས་ཞུ། འགན་ལེན་ནུས་ལྡན་བཅས་ཀྱི་ཐད་ནས་དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས་ཏེ་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཉི་འོད་མ་མཐའི་འཚོ་བ་འགན་ལེན་གྱི་མང་ཚོགས་སེམས་ལ་འཕྲོ་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།