པར་རིས་གསར་འགྱུར།

ཉེ་ཆར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཇ་ཁང་དུ“ཅི་འཕྲོས་མོལ་འཕྲོས”བཤད་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་རེད། ལས་བྱེད་ཉེན་རྟོག་པ་ཚོས་ས་གནས་དེ་གའི་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་འགལ་གྱི་མ་རྩ་མཉམ་འཇོག་ལ་འགོག་ཟོན་བྱེད་པ་དང་དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་དང་གཅིག་ལ་གཅིག་གཏད་ཀྱིས་ལན་བརྒྱབ་ཡོད། ཚང་མས་ཇ་འཐུང་གིན་ཁྱིམ་ཚང་གི་དོན་དག་དང་། བཅའ་ཁྲིམས། བདེ་འཇགས་བཅས་ཀྱི་སྐོར་གླེང་བ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ཚོར“དངུལ་ཁུག”ཡག་པོ་སྲུང་བ་དང་གྲོང་པ་ཁྱིམ་མཚེས་དབར་འཆམ་པོ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
འདི་ནི་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་གསུམ་འཕྲེང་ཤང་གི་ཇ་ཁང་དུ་བསྐྱོད་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།