2026ལོའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཧུའུ་ཧོ་ཧའོ་ཐེ་རུ་སྤེལ་བ།

ཟླ་5ཚེས་18ཉིན། 2026ལོའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ནང་སོག་ཧུའུ་ཧོ་ཧའོ་ཐེ་རུ་ཡོད་པའི་ནང་སོག་རྟེན་མཛོད་ཁང་དུ་སྤེལ་ཞིང་། ད་ལོའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རྟེན་མཛོད་ཁང་། འཛམ་གླིང་སྦྲེལ་མཐུད་བྱེད་པའི་ཟམ་པ”ཞེས་པ་རེད། བྱེད་སྒོའི་འགོ་ཚུགས་མཛད་སྒོར་རྟེན་མཛོད་ཁང་འབྲིང་ཆུང་གི་རོགས་སྐྱོར་མཐོར་གཏོང་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་པ་དང་། 2025ལོའི་ལོ་འཁོར་གྱི་རྒྱལ་ཡོངས་རྟེན་མཛོད་ཁང་གི་འགྲེམས་སྟོན་ཐོན་རྫས་རྩེ་གྲ་ཆེ་གྲས་བཅུ་སོགས་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་རེད། 2026ལོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་གསར་རྩོམ་འགྲེམས་སྟོན“གསེར་དང་གཡུ་ཡི་བཀྲག་མདངས། རྣམ་པར་བཀྲ་བའི་ཀྲུང་ཧྭ”ཞེས་པའི་འགྲེམས་སྟོན་ཡང་འགོ་ཚུགས་མཛད་སྒོའི་ཐོག་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་གཞུང་ཁོངས་རྟེན་མཛོད་ཁང་དང་རིག་རྫས་ཚན་པ་58དུ་ཉར་ཚགས་བྱས་པའི་ལི་ཆས་དང་། གསེར་ཆས། གཡང་ཊི་བཅས་386འགྲེམས་སྟོན་བྱས་པ་རེད།
འདི་ནི་མི་རྣམས་ཀྱིས་ཚོགས་ར་གཙོ་བོའི་གསར་རྩོམ་འགྲེམས་སྟོན“གསེར་དང་གཡུ་ཡི་བཀྲག་མདངས། རྣམ་པར་བཀྲ་བའི་ཀྲུང་ཧྭ”ཞེས་པའི་འགྲེམས་སྟོན་ལ་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།