དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལོ་རྒྱུས་ཀྱི་མེ་ལོང་། རིག་གནས་ཀྱི་ངོ་མཚར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-20

    འདི་ནི་བོད་ལྗོངས་དོག་སྡེའི་དངུལ་ལོར་རྟེན་མཛོད་ཁང་གིས་མི་རིགས་ཀྱི་རྒྱན་ཆས་རིག་གནས་ངོམ་སྟོན་གྱི་བྱེད་སྒོ་སྤེལ་བར་མང་ཚོགས་མང་པོའི་ཡིད་དབང་བཀུག་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ཡུལ་སྐོར་བས་བོད་ལྗོངས་རྟེན་མཛོད་ཁང་གི་རིག་གནས་བསམ་བཀོད་ཁུལ་ནས་ཁྱད་ལྡན་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཉོ་བཞིན་པ།

    འདི་ལོའི་ཟླ་5ཚེས་18ཉིན་ནི“རྒྱལ་སྤྱིའི་རྟེན་མཛོད་ཁང་གི་ཉིན་མོ”ཐེངས་50པ་ཡིན་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“རྟེན་མཛོད་ཁང་། འཛམ་གླིང་སྦྲེལ་མཐུད་བྱེད་པའི་ཟམ་པ”ཞེས་པ་དེ་རེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་གཅིག་རྗེས་གཉིས་མཐུད་དུ་རྟེན་མཛོད་ཁང་དུ་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་རྟེན་རྫས་ལ་ལྟ་སྐོར་དང་རྣམ་པ་སྣ་ཚོགས་ཀྱི་ཉམས་ལེན་བྱེད་སྒོར་ཞུགས་ནས་ཐག་ཉེ་ས་ནས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།