བོད་ཀྱིས་2026ལོའི་སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱ་ཨང་དང་པོ་ཡོངས་བསྒྲགས་བྱས་པ།
2026ལོའི་ལྗོངས་ཡོངས་ཀྱི་ནགས་དཔོན་ལམ་ལུགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་གསུམ་གྱིས་མཉམ་དུ་2026ལོའི་སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱ་ཨང་དང་པོ་སྟེ།《2026ལོའི་ལྗོངས་ཡོངས་ཀྱི་ནགས་དཔོན་ལམ་ལུགས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བཀའ་རྒྱར》མིང་རྟགས་བཀོད་ནས། འགན་སྒྲུབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔར་བས་སྔོ་འགྱུར་ཡོང་བར་ཤུགས་སྣོན་རྒྱག་པ། ལས་དར་དམངས་ཕན་ལ་སྣང་ཆེན་བྱེད་པ། བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་མཐའ་འཁྱོངས་བཅས་ཕྱོགས་བཞིར་དམིགས་ནས། ལོ་འཁོར་གྱི་གཙོ་གནད་ལས་འགན་ཁག་13ལ་སྤྱི་འདོམས་བྱས་ཏེ་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་རྒྱུ་རེད།
འགན་སྒྲུབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད། སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱའི་ནང་། བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་། ནགས་སྐོར་ལྟ་བཤེར་དང་། གནད་དོན་རྩིས་སྤྲོད། དག་ཐེར་ཐོ་བསུབ་བཅས་ཀྱི་གདུབ་ཟུམ་དོ་དམ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྡེ་ཚན་གྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང“ནགས་དཔོན+”མཉམ་ལས་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད། ནགས་དར་ཆུ་དར། ཁྲིམས་གཅོད་འབྲེལ་མཐུད་སོགས་ཀྱི་ཐད་སྡེ་ཚན་གྱི་མཉམ་ལས་ཟབ་ཏུ་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་གི་མཉམ་ཤུགས་ཆགས་པར་བྱེད་དགོས། གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། ནགས་སྲུང་དཔུང་ཁག་སྣ་ཚོགས་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ། གཞི་རིམ་གྱི་སྒྲིག་གཞི་དང་ཁྲིམས་སྒྱུར་དཔུང་ཁག་གི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ། ས་ཁོངས་ཧྲིལ་པོར་ཁྱབ་པའི་དྲ་མིག་ཅན་གྱི་འབྱུང་རྩའི་དོ་དམ་མ་ལག་འཛུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་ཤུགས་སྣོན་རྒྱག་པའི་ཐད། སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱའི་ནང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལོ་ཧྲིལ་པོར་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་40དང་རྩྭ་ཐང་ཞན་འགྱུར་མུའུ་ཁྲི་220ཉམས་གསོ་དང་བཅོས་སྒྲིག་བྱས་ཏེ་ནགས་ཚལ་རྒྱུན་མཐུད་ངང་གཉེར་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཡུལ་དེ་གའི་ཤིང་སོན་དང་རྩྭ་སོན་ཁྱབ་གདལ་གཏོང་དགོས། ཚན་རིག་དང་མཐུན་པའི་ཇུས་འགོད་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་བ། འཆར་འགོད་ཀྱི་དུས་དཀྱིལ་ལ་ལེགས་སྒྲིག་ཡག་པོ་བྱེད་པ། ནགས་བཟོ་མུའུ་ཁྲི་20དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་གྲུབ་བྱེད་པ། མ་དངུལ་བེད་སྤྱོད་དོ་དམ་ལམ་སྲོལ་དང་གཞུང་ཁོངས་ནགས་རའི་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་དོ་དམ་སྲོལ་ཡིག་དང་དོ་དམ་སྲུང་སྐྱོང་བྱ་ཐབས་འདོན་རྒྱུར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད།
ལས་དར་དམངས་ཕན་ལ་མཐོང་ཆེན་བྱེད་པའི་ཐད། སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱའི་ནང་། ནགས་ཚལ་དང་རྩྭ་ཐང་སྤུས་འབྲས་ལེགས་གཉེར་མགྱོགས་མྱུར་ཡོང་བ་དང་། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ། མཉམ་སྡེབ་ནགས་ཚལ་བདག་དབང་གཏན་འཁེལ་གྱི་ལག་ཁྱེར་སྤྲོད་པ། ཚོད་ལྟའི་ལས་དོན་བརྟན་པོ་སྤེལ་བ། མང་ཚོགས་ལ་ཕྱུགས་རིགས་ཤོང་ཚད་བཀོད་སྒྲིག་ལུགས་མཐུན་ལ་ཁྲིད་སྟོན་བྱེད་པ། སྔོ་ལོག་དུས་ཚིགས་ཀྱི་རྩྭ་ར་བསྙལ་བའི་ཁ་གསབ་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཐཱན་བསྡུས་རྣམ་གྲངས་གསར་སྤེལ་དང་ཉོ་ཚོང་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་། ནགས་ཁྲོད་དཔལ་འབྱོར་དང་སྐྱེ་ཁམས་ཡུལ་སྐོར་སོགས་ལྗང་མདོག་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་ནགས་ཚལ་དང་རྩྭ་ཐང་གི་ཁྱད་ལྡན་ཐོན་ལས་འཛུགས་སྐྱོང་ཐད་གཏོང་བར་ཡིད་དབང་བཀུག་དགོས་པ་བཏོན་ཡོད།
བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་མཐའ་འཁྱོངས་བྱེད་པའི་ཐད། སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱའི་ནང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། གནའ་བོའི་ཤིང་སྡོང་གྲགས་ཅན་གྱི་ཐོན་ཁུངས་ལ་བརྟག་དཔྱད་དང་སྲུང་སྐྱོང་ཡག་པོ་བྱེད་པ། བྱ་རིགས་སྲུང་སྐྱོང་བྱེད་པའི་བྱེད་སྒོའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བ་བཅས་བྱེད་དགོས། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གཙང་གསུམ་ཆུ་འགོའི(གདང་ལའི་བྱང་རྒྱུད་ཁུལ)རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཡར་ཀླུང་གཙང་པོའི་རོང་ཆེན་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྒྲིལ་བཅོས་ལེགས་འགྱུར་ཇུས་གཞིར་མཆན་འགོད་བཀའ་ལན་སྤྲོད་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།