ལུས་རྩལ་པ་700ཙམ་ཀྲུང་ཨུའི་དབྱར་དུས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པར་ཞུགས་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གསར་འགོད་པར་ཀྲུང་ཨུའི་དབྱར་དུས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཀྲུང་ཨུའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་པ་700ཙམ་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།
དེ་ཉིན་གྱི་ཡོངས་བསྒྲགས་ཚོགས་འདུ་མོ་སི་ཁོ་གྲོང་ཁྱེར་གྱི་ཨུ་རུ་སུའི་འགྲེམས་སྟོན་ལྟེ་གནས་སུ་འཚོགས་ཤིང་། ཨུ་རུ་སུའི་ལུས་རྩལ་པུའི་པུའུ་ཀྲང་དང་ཨུ་རུ་སུའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་གཅིག་ལྕོགས་སྨི་ཧ་དབྱིར་ཅེ་ཀེ་ཅ་ལེའོ་ཧྥུའུ་ཡིས། ཀྲུང་གོ་དང་ཨུ་རུ་སུའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་པ་700ཙམ་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། འདི་ཡང་ཕྱོགས་གཉིས་པོས་ལུས་རྩལ་ཤེས་ལྡན་པ་གདམ་གསེས་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཡིན། སྐབས་གོང་མ་འགའི་ལུས་རྩལ་འགྲན་ཚོགས་ཐོག་གྲུབ་འབྲས་ཡག་པོ་ཐོབ་པའི་ཨུ་རུ་སུའི་ལུས་རྩལ་པ་མི་ཉུང་བ་ཞིག་ད་ཆ་ཨུ་རུ་སུའི་འབྲེལ་ཡོད་ལུས་རྩལ་རྣམ་གྲངས་ཀྱི་སྣེ་འདྲེན་པར་གྱུར་ཡོད་ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཟླ་5ཚེས་24ནས་31ཉིན་བར་ཨུ་རུ་སུའི་ཅ་ལི་ཉིང་ཀེ་ལེ་ཀྲོའུ་རུ་འཚོག་རྒྱུ་ཡིན་པ་དང་། བདམས་ཐོན་པ་དེ་དག་མ་གྲངས་12ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།