དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་གྲལ་སྒོར་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཨ་ཧྥེ་རི་ཁའི་གྲུབ་ཆའི་རང་བཞིན་གྱི་ཕྱོགས་སྒྱུར་ལ་དོ་ཁུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-19

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ལ་པོ་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། མ་ལ་པོ་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་དེ་བཞིན་རིགས་འདྲའི་རྩ་འཛུགས་དང་མནའ་འབྲེལ་གྱི་གྲལ་སྒོར་ཚོགས་འདུ་ཐེངས་ལྔ་པ་ཐིག་དམར་ཀུའི་ནེ་ཡའི་རྒྱལ་ས་མ་ལ་པོ་གྲོང་ཁྱེར་དུ་འཚོགས་པ་རེད། ད་ཐེངས་ཀྱི་གྲལ་སྒོར་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལས་ཨ་ཧྥེ་རི་ཁའི་སྒྲིག་གཞིའི་རང་བཞིན་གྱི་ཕྱོགས་སྒྱུར་ཏེ་དཔལ་འབྱོར་སྣ་མང་ཅན་དང་། ཕན་ཚུན་སྦྲེལ་མཐུད། གྲངས་འཛིན་ཁོང་ཡངས་བཅས་ལ་སྒུལ་ཤུགས་བསྣན་པ”ཞེས་པ་དེ་ཡིན་པ་རེད།

    ཚོགས་ཞུགས་འཐུས་མིས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ། གྲངས་འཛིན་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། དེ་བཞིན་ལྷོ་བྱང་རིག་ནུས་དང་གྲངས་འཛིན་འགལ་རྐྱེན་སེལ་བ་སོགས་ཀྱི་ཐད་ལ་གྲོས་བསྡུར་ཟབ་མོ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།