ཀྲུང་གོ་ཧེ་ཧོ་ཆུ་ཐོག་སྐྱེལ་འདྲེན་འགག་སྒོའི་རྒྱལ་སྤྱིའི་འགྲིལ་འཇུག་དངོས་ཟོག་སྐྱེལ་འདྲེན་གྲུ་གཟིངས་ཐེངས་དང་པོ་ཐོན་པ།

འདི་ནི་ཧེ་ཧོ་གྲུ་ཁའི་ལས་དོན་ཅུས་ཚད་ཡོད་ཀུང་སིའི་གྲུ་གཟིངས་ཧེ་ཧོ་གྲུ་ཁ་ནས་ཐོན་ཏེ་ཨུ་རུ་སུའི་པུ་ལ་ཀེ་ཝེ་ཧྲེན་སི་ཁེ་འགག་སྒོར་སྐྱོད་བཞིན་པ།
ཟླ་5ཚེས་14ཉིན་ཀྲུང་གོ་ཧེ་ཧོ་ཆུ་ཐོག་སྐྱེལ་འདྲེན་འགག་སྒོའི་རྒྱལ་སྤྱིའི་འགྲིལ་འཇུག་དངོས་ཟོག་སྐྱེལ་འདྲེན་གྲུ་གཟིངས་ཐེངས་དང་པོ་ཐོན་ནས། ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་མཚམས་ཀྱི་ཅང་མིང་ཆུ་ཐོག་དུས་བཅད་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་དུ་ནུས་ཆེའི་སྐྱེལ་འདྲེན་བྱེད་སྟངས་གསར་པ་ཞིག་བསྣན་པ་རེད། ཆུ་ཐོག་སྐྱེལ་འདྲེན་གྲུ་གཟིངས་ཐེངས་དང་པོ་ཐོན་པའི་ཉིན་དེར་ཧེ་ཧོ་གྲུ་ཁར་PVC(ཁིལ་འདུས་ཁ་སིན)ཡི་པང་གཅལ་དང་། འགྱིག་འཁོར། ལྡུག་འཁོར་སོགས་དངོས་ཟོག་ཏུན་174སྐྱེལ་འདྲེན་བྱས་པའི་ནང་འཛུགས་སྐྲུན་རྒྱུ་ཆ་དང་། འཕྲུལ་ཆས། རླངས་འཁོར་གྱི་ལྷུ་ལག་སོགས་སྣ་ཁ་མང་པོ་ཡོད། འགྲིལ་འཇུག་སྐྱེལ་འདྲེན་བྱེད་སྟངས་བརྒྱུད་རླངས་འཁོར་དང་དངོས་ཟོག་གྲུ་གཟིངས་གཅིག་ནང་བླུགས་པ་དང་གྲུ་གཟིངས་ཐད་ཀར་དམིགས་སར་སླེབས་ནས་རྒྱལ་མཚམས་སྒྲོལ་བའི་ཟོག་འགྲུལ་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།