ཀྲུང་གོ་དང་ཨུ་རུ་སུའི་འགྲེམས་ཚོགས་སྐབས་བཅུ་པ་འགོ་ཚུགས་པ།

ཟླ་5ཚེས་17ནས་ཚེས་21ཉིན་བར་ཀྲུང་གོ་དང་ཨུ་རུ་སུའི་འགྲེམས་ཚོགས་སྐབས་བཅུ་པ་ཧའར་པིན་གྲོང་ཁྱེར་དུ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་ཚོགས་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.5ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་46ནས་ཡོང་བའི་ཁེ་ལས་1500ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད། འདི་ནི་ཟླ་5ཚེས་17ཉིན་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་གནས་པའི་ཀྲུང་གོ་དང་ཨུ་རུ་སུའི་འགྲེམས་ཚོགས་སྐབས་བཅུ་པ་གཉེར་ཡུལ་དུ་ལྟ་སྐོར་བས་ཚོང་ཟོག་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།