དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱིས་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་880ལྷག་ཙམ་དྲངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-19

    གསར་འགོད་པས་ཆུ་བེད་པུའུ་དང་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་ཆུ་དྲངས་ཚུན། རིམ་རྩིས་བརྒྱབ་ན། ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་880ལྷག་ཙམ་དྲངས་ནས་ཞིང་ཆེན་7གྱི་གྲོང་ཁྱེར་ཆེ་འབྲིང་48ཀྱི་མི་དུང་ཕྱུར་1.95ལ་ཕན་པ་བཏགས་ཡོད། དབུས་རྒྱུད་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པ་དང་དེ་ཡན་དུ་རྒྱུན་འཁྱོངས་བརྟན་པོ་ཐུབ་པ་དང་། ཤར་རྒྱུད་ཀྱི་ཆུའི་སྤུས་ཚད་རིགས་གསུམ་པ་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད།

    ལྷོ་ཆུ་བྱང་འདྲེན་ལས་གྲྭས་འབྲུབ་ཆུ་རྒྱས་དུས་ཀྱི་ཆུ་ལྷག་མ་བེད་སྤྱོད་གང་ལེགས་བྱས་ནས་ལམ་རྒྱུད་ཀྱི་ཆུ་བོ་50ལྷག་ཙམ་ལ་སྐྱེ་ཁམས་ཆུ་གསབ་པས་སྐྱེ་ཁམས་ཀྱི་ཆུ་གསབ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་130ལྷག་ཙམ་ཟིན་ཡོད། ཧུའུ་ཐུའོ་ཆུ་བོ་དང་། ཏ་ཆིང་གཙང་པོ། པའེ་དབྱང་ཏེན་མཚེའུ་སོགས་ཆུ་བོ་དང་མཚེའུ་འབོར་ཆེན་ཞིག་ལ་ཡང་བསྐྱར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཧྭ་པེ་ས་ཁུལ་གྱི་ས་འོག་ཆུ་ལོ་མང་བསྟུད་མར་ཆུ་ཁ་དམའ་རུ་སོང་བའི་གནས་སྟངས་ཚོད་འཛིན་ཐུབ་ནས་ས་འོག་ཆུའི་ཆུ་ཁ་གཞི་རྩའི་ཆར་མཐོ་རུ་སོང་ཡོད། ལྷོ་ཆུ་བྱང་འདྲེན་ལམ་རྒྱུད་ཞིང་ཆེན་གྱིས་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་མཉམ་འགུལ་མ་ལག་ཀྱང་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།