ཧུའུ་པེའི་ཀྲི་ཅང་འབྲི་ཆུའི་ཟམ་ཆེན་སྦྲེལ་མཐུད་ཐུབ་པ།

འདི་ནི་ཀྲི་ཅང་འབྲི་ཆུའི་ཟམ་ཆེན་གྱི་ཨར་ལས་བྱ་ཡུལ་ཡིན་པ།
ཚེས་15ཉིན། ཧུའུ་པེའི་ཀྲི་ཅང་འབྲི་ཆུའི་ཟམ་ཆེན་བདེ་བླག་ངང་སྦྲེལ་མཐུད་ཐུབ་སྟེ་རྣམ་གྲངས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་གལ་ཆེན་བཏིང་ཡོད།
ཀྲི་ཅང་འབྲི་ཆུའི་ཟམ་ཆེན་གྱི་བྱང་ངོས་ནས་ཀྲི་ཅང་གྲོང་ཁྱེར་མ་ཅ་ཏེན་ཁྲོམ་གཞུང་དང་ལྷོ་ངོས་ནས་པའེ་ལི་ཀྲོའུ་གྲོང་རྡལ་བར་གྱི་སྤྱིའི་རིང་ཚད་ལ་སྨི་1549དང་ཟམ་པའི་སྤྱིའི་རིང་ཚད་ལ་སྨི་890ཟིན་ཡོད། པའེ་ལི་ཀྲོའུ་ནི་འབྲི་ཆུའི་ཀྲི་ཅང་དུམ་བུའི་གཙང་པོའི་དབུས་སུ་གནས་པའི་ཀྲོའུ་ཆེ་གྲས་ཤིག་ཡིན་པ་དང་དུས་ཡུན་རིང་པོར་ཀྲོའུ་དེའི་གྲོང་མིར་ཕྱིར་སྐྱོད་དཀའ་བའི་གནད་དོན་འཕྲད་ཡོད། ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། ངོགས་གཉིས་ཀྱི་མང་ཚོགས་གཙང་པོ་སྒྲོལ་བའི་དུས་ཚོད་དེ་སྔའི་ཆུ་ཚོད་ཁ་ཤས་ནས་ད་ཆ་སྐར་མ་5ལས་མི་འགོར་བས་ས་གནས་དེ་གའི་མང་ཚོགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་ནུས་ལྡན་འགྲོ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།