དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་གསུམ་པའི་བར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་6.1%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-19

    ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་བ་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་18229ཟིན་པ་དེ་དུས་མཚུངས་ལས་2.3%འཕར་ཡོད་པ་རེད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་7045.2ཟིན་ནས་བརྒྱ་ཆ་11.2%འཕར་ཡོད།

    ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ཐད་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་དང་པོ་ནས་གསུམ་པའི་བར། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7937.1ཟིན་པ་དེ་དུས་མཚུངས་ལས་1.6%འཕར་ནས་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་བསྡུར་ཚད་43.5%ཟིན་ཡོད་པ་རེད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་3842.6ཟིན་པ་དེ་དུས་མཚུངས་ལས་6.1%འཕར་ཡོད། དེའི་ནང་མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་དངུལ་རྩའི་ཞབས་ཞུ་འཕར་ཚད་མགྱོགས་ཤོས་ཟིན་ནས་འཕར་ཚད་25.6%དང་16.1%སོ་སོར་ཟིན་ཡོད་པ་རེད།

    ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་དང་སྐྱེལ་འདྲེན་ཞབས་ཞུ་ནང་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། ཟླ་བ་དང་པོ་ནས་གསུམ་པའི་བར། ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1053.5ཟིན་པ་དེ་དུས་མཚུངས་ལས་32.3%འཕར་ནས་ཞབས་ཞུ་ཕྱིར་གཏོང་ཁྱབ་ཁོངས་ཁག་གི་འཕར་ཚད་ཀྱི་ཨང་དང་པོར་སླེབས་པ་དང་། སྐྱེལ་འདྲེན་ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2302.1ཟིན་པ་དེ་དུས་མཚུངས་ལས་22.8%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།